མི་རིགས་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་གསར་འགྱུར་དྲ་བ། སྤེལ་དུས། 05-02
ཉེ་བའི་ལོའི་ནང་། རང་ལྗོངས་ཀྱིས་མི་རིགས་ལག་ཤེས་བཟོ་རྩལ་དར་སྤེལ་དང་ཐོན་རྫས་གསར་བཟོ། མི་རིགས་ཀྱི་ཚོང་རྟགས་གཏོད་པ་སོགས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པས། ད་ཆ་བོད་རང་སྐྱོང་ལྗོངས་སུ་རྒྱལ་ཁབ་བཟོ་རྩལ་མཛེས་རིས་ཆེ་མོ་བ ༣ དང་སྐབས་དང་པོའི་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རིས་ཆེ་མོ་བ ༢༥ བདམས་ཐོན་བྱུང་བ་དང་། སྐབས་གཉིས་པའི་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རིས་ཆེ་མོ་བའི་དཔྱད་འདེམས་བྱེད་སྒོ་འགོ་ཚུགས་ཟིན་ཏེ། བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་མཛེས་རིས་ལག་རྩལ་སྔོག་འདོན་དང་། སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་རྒྱུན་མཐུད་ངང་ཁྱབ་སྤེལ་གཏོང་བཞིན་ཡོད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1