ཟླ་4ཚེས་27ཉིན་གྱི་དགོང་མོར། ཀྲུང་དབྱང་མི་རིགས་ཟློས་གར་ཚོགས་པའི་ཞབས་བྲོའི་ཟློས་གར་《ཚངས་དབྱངས་རྒྱ་མཚོ》ཞེས་པ་པེ་ཅིང་མི་རིགས་ཟློས་གར་ཁང་དུ་གཟབ་རྒྱས་ངང་སླར་ཡང་འཁྲབ་སྟོན་བྱས་པ་དང་། ཞབས་བྲོའི་ཟློས་གར་《ཚངས་དབྱངས་རྒྱ་མཚོ》ཞེས་པ་ནི་ཀྲུང་དབྱང་མི་རིགས་ཟློས་གླུ་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་ལྷག་རིང་གི་ཞབས་བྲོའི་ཟློས་གར་ཐོག་མ་ཡིན་ལ། 2015ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩས་མ་དངུལ་རོགས་སྐྱོར་གནང་བའི་ལས་གཞི་ཞིག་ཡིན་ཞིང་། སྐབས་བཅུ་པའི་ཀྲུང་གོའི་ཞབས་བྲོའི་ཟློས་གར་གྱི་"པདྨའི་མེ་ཏོག་བྱ་དགའ"དང་། སྙན་ངག་ཞབས་བྲོ་འགྲན་བསྡུར་གྱི་བྱ་དགའ་གཟི་བརྗིད་ལྡན་པའི་ངང་ཐོབ་མྱོང་བ་རེད།
ཞབས་བྲོའི་ཟློས་གར་འདིའི་ནང་ཚངས་དབྱངས་རྒྱ་མཚོའི་བྱིས་དུས་ནས་ལོ་ཉི་ཤུར་སོན་པའི་བར་གྱི་འཚོ་བའི་གནས་ཚུལ་བདམས་ཡོད་ཅིང་། ངག་ལ་བདེ་ཞིང་རྣ་བར་སྙན་པའི་ཞབས་བྲོའི་རྡོག་སྒྲ་དང་། ཡིད་སེམས་ལ་སྤྲོ་བ་བསྩལ་བའི་ཕྲ་ཞིང་ཞིབ་པའི་མི་སྣའི་ནང་སེམས་ཀྱི་རོལ་དབྱངས། དེ་བཞིན་དུ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཁ་བའི་ལྗོངས་ཀྱི་རྒྱན་གོས། སྦྱངས་པ་ནང་བྱན་ཆུད་པའི་བྲོ་གར་སོགས་ནས་ཚངས་དབྱངས་རྒྱ་མཚོ་ཡིས་ཕ་ཡུལ་དང་། ཡབ་ཡུམ། བརྩེ་བ་བཅས་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་དེ་གར་སྟེགས་སུ་གསལ་ལམ་མེར་མངོན་པར་བྱས་ཡོད་པ་རེད།