ལི་ཐང་རྫོང་གིས་དབྱར་རྩ་དགུན་འབུ་རྐོ་སྐབས་ཀྱི་དོ་དམ་ལས་ཀ་ལེགས་པོ་བསྒྲུབས་པ།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།དབྱངས་ཅན།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-06


  དབྱར་རྩྭ་དགུན་འབུ་རྐོ་བ་ནི་རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་ཀྱི་ལས་ཞོར་ཡོང་འབབ་འཕར་སྣོན་གཏང་བའི་ཐབས་ལམ་གཙོ་བོ་ཞིག་ཡིན། ཉེ་ཆར་ལི་ཐང་རྫོང་གིས་2016ལོའི་དབྱར་རྩྭ་དགུན་འབུ་རྐོ་བའི་ཐད་ཀྱི་ལས་ཀ་བཀོད་སྒྲིག་བྱས་ནས། སྔར་ལས་ལྷག་པར་ཉེན་མེད་དོ་དམ་ལས་ཀར་ཤུགས་སྣོན་བྱེད་པ་དང་མུ་མཐུད་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་ལས་ཀ་གོ་རིམ་ལྡན་ཞིང་ཕན་འབྲས་ཡོད་པའི་སྒོ་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་བ་རེད།
    ལི་ཐང་རྫོང་ནི་རང་ཁུལ་ལྷོ་རྒྱུད་ཀྱི་དབྱར་རྩྭ་དགུན་འབུ་ཐོན་མང་བའི་ས་ཆ་ཞིག་ཡིན། ལོ་རེའི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་ལ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་24དང་། རང་ཁུལ་གྱི་རྫོང་སོ་སོའི་མི་གྲངས་ཁྲི་4ལྷག་མཆོད་རྟེན་སོགས་དབྱར་རྩྭ་དགུན་འབུ་ཐོན་ཡུལ་གཙོ་བོའི་ཤང་བཞི་ལ་འཛོམས་ནས་དབྱར་རྩྭ་དགུན་འབུ་རྐོ་སར་ཡོང་བཞིན་པ་རེད།
    དབྱར་རྩྭ་དགུན་འབུ་རྐོ་བའི་དོ་དམ་ལས་ཀ་ལེགས་པོར་བསྒྲུབ་ཆེད། རྫོང་དེའི་དབྱར་རྩྭ་དགུན་འབུ་རྐོ་བའི་དོ་དམ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་རྫོང་ཡོངས་ཀྱི་ས་ཁུལ་5ཡི་ལས་བཟོའི་ཨུ་ལྷན་དང་ཤང་དང་གྲོང་རྡལ་24དང་ཁག་བགོས་ཏེ་འགན་འཁྲི་ཡི་གེ་བཞག་ནས། དབྱར་རྩྭ་དགུན་འབུ་རྐོ་སྐབས་ཀྱི་འབྲེལ་འདྲིས་སྡེ་ཚན་གྱི་འགོ་ཁྲིད་དང་། ཤང་དུ་འགན་གཙང་ལེན་བྱེད་མཁན་གྱི་སྡེ་ཚན། ཤང་དང་གྲོང་རྡལ་སྡེ་ཚན་གྱི་འགན་འཁྲི་སོགས་དོན་འཁྱོལ་བྱས་པ་དང་།  མི་གཅིག་ལ་ལག་ཁྱེར་གཅིག་དང་ལག་ཁྱེར་འཛིན་ནས་རི་འགོར་འགྲོ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཤིང་། འབུ་རྐོ་མཁན་དག་རི་འགོར་འགྲོ་བའི་དུས་ཚོད་དང་། རྫོང་དུ་ཁྱིམ་ཐོ་ཡོད་པའི་ཁུལ་ཕྱི་ནང་གི་མི་སྣ་རི་འགོར་འགྲོ་བའི་དུས་ཚོད། ཁུལ་ཕྱི་ཕྱོགས་ཀྱི་མི་སྣ་རྫོང་དེར་ཡོང་ནས་འབུ་རྐོ་བར་གཏན་འགོག་བྱ་རྒྱུ་སོགས་ཀྱི་བླང་བྱ་གཏན་འབེབས་བྱས་ནས། རྫོང་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་རྐོ་འདྲུ་བྱེད་པའི་དོ་དམ་ལས་ཀ་གོ་རིམ་ལྡན་ཞིང་ཕན་འབྲས་ཐོབ་པར་འགན་སྲུང་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1