སྤྱི་ཟླ་6པའི་ཚེས་2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཆེན་མོའི་ནང་སྐབས་བརྒྱད་པའི་འཛམ་གླིང་ཕྱི་སྡོད་རང་མི་དང་ཀྲུང་གོ་བའི་ཚོགས་པའི་མཛའ་འབྲེལ་ཚོགས་ཆེན་དུ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།
ལི་ཁེ་ཆང་གིས་ཐོག་མར་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ་སྐབས་འདིའི་ཚོགས་ཆེན་བདེ་བླག་ངང་འཚོགས་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་ཚོགས་ཆེན་ལ་ཞུགས་པའི་ཕྱི་སྡོད་རང་མི་དང་ཀྲུང་གོ་བའི་འཐུས་མི། དེ་མིན་ཁོ་ཚོ་བརྒྱུད་དེ་ཕྱི་རྒྱལ་དུ་སྡོད་པའི་སྤུན་ཟླ་ཁྲི་6000ལྷག་ལ་བརྩེ་སེམས་འཁོལ་བའི་འཚམས་འདྲི་དང་སྨོན་འདུན་ཞུས།