གསེར་ཐར་རྫོང་ཞིབ་དཔྱོད་ཁང་གིས་ལས་ཐོག་ཉེས་གསོག་སྔོན་འགོག་གི་ལས་ཀ་ལེགས་པོར་བསྒྲུབས།
བདེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།བདེ་སྐྱིད། ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-06
དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་འགོ་ཚུགས་པ་ནས་བཟུང་། གསེར་ཐར་རྫོང་ཞིབ་དཔྱོད་ཁང་གིས་ལས་ཐོག་ཉེས་གསོག་སྔོན་འགོག་ལས་ཀའི་སྒྲུབ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཞིང་ཕན་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་ཐོག་ཉེས་གསོག་སྔོན་འགོག་ལས་ཀའི་ཐད་ཐབས་ཤེས་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱུང་བར་འགན་སྲུང་བྱས།
ད་ལོ་ནས་བཟུང་ཉེན་རྟོག་པ་ཐེངས་2སྒྲིག་འཛུགས་བྱས་ནས་འབྲེལ་བ་བྱེད་ས་ཤང་དང་གྲོང་གསེབ། དགོན་པ་བཅས་ལ་ཕྱིན་ཏེ་ལས་ཀའི་བཀོད་སྒྲིག་གལ་ཆེན་ལ་བརྟེན་ནས་ཤང་གི་ལས་བྱེད་པ་ཡོངས་ཀྱི་ཚོགས་ཆེན་དང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚོགས་འདུ་འཚོགས་ཤིང་། དམིགས་ཡུལ་ཡོད་པའི་བརྗོད་བྱ་གཙོ་བོ་ཉེན་ཟོན་སློབ་གསོའི་བྱེད་སྒོ་ཐེངས་ལ་3སྤེལ་ནས་མང་ཚོགས་200ལྷག་ཙམ་ལ་སློབ་གསོ་ཐོབ་ཡོད་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཚོགས་ཤུགས་རྐྱེན་ཐེབས་ཚད་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། གཙོ་གནད་ལས་གཞིའི་ཉེས་གསོག་སྔོན་འགོག་བྱ་རྒྱུའི་ཐད་རྫོང་སྲིད་གཞུང་གིས་གཙོ་ཆེའི་མ་དངུལ་གཏོང་སྤྲད་བྱ་རྒྱུ་དང་ཤང་དང་གྲོང་གསེབ་ཀྱི་ཞིང་ཕན་མ་དངུལ་སྤྲོད་རྒྱུ་སོགས་ཀྱི་ལས་ཀར་གཏོགས་པར་བརྒྱུད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མ་དངུལ་སྤྲོད་པའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་བ། གཙོ་གནད་ལས་རིགས་སྔོན་འགོག་དང་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་དང་ཞིང་ཆེན་གྱིས་གཅིག་བསྡུས་བཅོས་སྒྲིག་དང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཐད་ལས་ཐོག་ཉེས་གསོག་སྔོན་འགོག་ཆེད་དོན་ལས་ཀའི་གལ་ཆེ་བའི་སྙིང་དོན་ལག་ལེན་མཐར་ཕྱིན་བྱ་ཆེད། སྔ་རྗེས་སུ་ལས་ཁུངས་འཛུགས་པ་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བྱས་ཤིང་། གཞི་རིམ་དམ་འཛིན་བྱ་རྒྱུར་མངོན་གསལ་དོད་པོར་བྱས་ཏེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་ཐོག་ཉེས་གསོག་དོ་དམ་དང་ཚོད་འཛིན་ལས་ཀར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས་པ་རེད།།