སྤྱི་ཟླ་4པའི་ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་གཙོ་སྐྱོང་གནང་སྟེ། ཧྲང་ཏུང་ཅི་ནན་གྱི་ཁྲིམས་འགལ་གྱིས་རིམས་འགོག་སྨན་ཁབ་ཚོང་གཉེར་བྱས་པའི་མུ་འབྲེལ་གྱོད་དོན་ཞིབ་བཤེར་ཐག་གཅོད་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་། འགན་ཁུར་པ་ཁག་ཅིག་སྔོན་ལ་འགན་འཁྲི་རྩད་གཅོད་བྱེད་པར་ཐག་གཅོད་བྱས། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་〈རིམས་འགོག་སྨན་ཁབ་འཁོར་རྒྱུག་དང་སྔོན་འགོག་སྨན་ཁབ་རྒྱག་པའི་དོ་དམ་སྲོལ་ཡིག〉ཐད་ཀྱི་བཅོས་སྒྲིག་གཏན་འབེབས།》ལྟར། ལམ་ལུགས་དོ་དམ་བདག་གཉེར་ལ་ཤུགས་སྣོན་བྱ་དགོས་ཏེ། དུས་རིམ་རང་བཞིན་གྱིས་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་འཇལ་སྤྲོད་རིན་ཚད་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་བསྡུར་ཚད་མར་ཆག་སྟེ་ཁྲོམ་རའི་གཙོ་རྐང་ཁུར་པོ་ཇེ་ཡང་དུ་གཏོང་པ་དང་བཟོ་པའི་ཡོང་འབབ་ཇེ་མང་དུ་གཏོང་པ་གཏན་འབེབས་བྱས།།