དབྱི་ལི་ཡིས་ཨོ་སི་ཐྲ་ལི་ཡའི་སྐུ་མགྲོན་དང་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-14
སྤྱི་ཟླ་4པའི་ཚེས་12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལིས་ཁྲེན་ཏུའུ་རུ་སི་ཁྲོན་དུ་ཕེབས་ནས་ཨོ་སི་ཐྲ་ལི་ཡ་དང་ཀྲུང་གོའི་གཟའ་འཁོར་ཞེས་པའི་བྱེད་སྒོ་རུ་ཞུགས་པའི་ཨོ་སི་ཐྲ་ལི་ཡའི་ཁུན་ཧྲི་ལན་ཀྲོའུ་ཡི་ཀྲོའུ་ཀྲང་པའེ་ལེ་ཆི་དང་བཅས་པ་དང་ཐ་སི་མ་ཉི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་ཝུའེ་ཨར་ཧོ་ཅི་མན་དང་བཅས་པར་མཇའ་འཛོམས་གནང་།
དབྱི་ལིས་པའེ་ལེ་ཆི་བཅས་དང་ཝུའེ་ཨར་ཧོ་ཅི་མན་བཅས་པར་དགའ་བསུ་ཞུས་པ་མ་ཟད། སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། སི་ཁྲོན་དང་ཨོ་སི་ཐྲ་ལི་ཡ་ཁུན་ཧྲི་ལན་གྲུ་ཀྲོའུ་དང་ཐ་སི་མ་ཉི་ཡ་ཀྲོའུ་ཡིས་སློབ་གསོ་དང་རིག་གནས། ཡུལ་སྐོར། ཚན་རྩལ། དེང་རབས་ཞིང་ལས། ཐོན་ཁུངས་གསར་སྤེལ། ཟས་རིགས་བཟོ་ལས་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་ཀྱི་བར་སྟོང་ཆེན་པོ་ལྡན་པ་རེད། ས་ཕྱོགས་གཉིས་ཀྱིས་ཁྲེན་ཏུའུ་རུ་ཚོང་དོན་མ་འཇོག་གི་དོན་བྱེད་ལས་ཁུངས་བཙུགས་ནས། འཐུས་སྒོ་ཚང་ཞིང་ཕན་ཡུན་རིང་བའི་མཉམ་ལས་ལམ་སྲོལ་བཙུགས་པ་དང་། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བསམ་འཆར་བཏོན།
པའེ་ལེ་ཆི་ཡིས་བཤད་རྒྱུར། སི་ཁྲོན་དང་མཉམ་ལས་ཀྱི་མདུན་ལམ་ལ་རེ་སྒུག་གིས་ཁེངས་ཡོད་ལ། ད་ཐེངས་ཀྱི་འཚམས་འདྲིའི་གོ་སྐབས་འདི་དང་བསྟུན་ནས། ཕྱོགས་གཉིས་ཀྱིས་ཡུན་རིང་བརྟན་པོའི་མཉམ་ལས་འབྲེལ་བ་ཞིག་འཛུགས་པར་རྨང་གཞི་བཏིང་དགོས་ཟེར།
ཝུའེ་ཨར་ཧོ་ཅི་མན་གྱིས་བཤད་རྒྱུར། ད་ཐེངས་ཀྱི་མཇལ་འཛོམས་ཀྱིས་ས་ཆ་གཉིས་ཀྱིས་ཕྱོགས་གང་ཅིའི་ཐད་ནས་སྐད་ཆ་ཤོད་རེས་བྱེད་པའི་རྣམ་པ་གསར་བ་ཞིག་འབྱེད་པར་རེ་བ་ཡོད་ལ། ཕྱོགས་གཉིས་པོས་ཧུར་ཐག་སྒོས་མཉམ་ལས་ཀྱི་རེ་བ་དེ་མཉམ་ལས་ཀྱི་རྣམ་གྲངས་སུ་བསྒྱུར་དགོས་ཟེར།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1