འབའ་ཐང་རྫོང་གིས་ཡུལ་དངོས་ཀྱི་ལས་སྒྲུབ་བརྒྱུད་དེ་དུས་ལྟར་དབུལ་ཕོངས་ལས་སྒྲོལ་བར་ཁག་ཐེག་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-30


  

    དབུལ་པོའི་གྲོང་སྡེའི་དབུལ་པོའི་འབྱུང་རྐྱེན་གཙོ་བོ་རྙེད་ཡོད་མེད་དང་། དབུལ་སྒྲོལ་གྱི་རིགས་ལམ་གསལ་པོ་བྱེད་པ། ཕྱོགས་གང་དག་གི་ཐད་ནས་ད་དུང་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་རམས་འདེགས་བྱ་དགོས་པ་སོགས་བཅས་མང་ཚོགས་ལ་ཐུགས་ཁུར་དང་དཀའ་ཁག་སེལ་བའི་འདུན་པ་སེམས་སུ་བཅངས་ནས། འབའ་ཐང་རྫོང་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཚན་ཁག་ཉིན་འདི་དག་ལ་བྲེལ་བ་ཤིན་ཏུ་ཆེ།  ཁོ་ཚོས་རིམ་པ་ལྟར་རྫོང་དེའི་ད་ལོར་དབུལ་སྒྲོལ་བྱ་འཆར་ཡོད་པའི་དབུལ་བོའི་གྲོང་སྡེ་12ལ་ཕྱིན་ཏེ་དེ་གནས་དེ་དག་ཏུ་གཞུང་སྒྲུབ་ཚོགས་འདུ་ཚོགས་ཏེ་ཡུལ་དངོས་སུ་དབུལ་ཕོངས་གྲོང་སྡེ་དེ་དག་གི་ཐོན་སྐྱེད་འཕེལ་རྒྱས་དང་གནས་སྤོར། སྐྱེས་ཁམས་ཁ་གསབ་སོགས་ཀྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1