ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་རྟོག་ཞིབ་ཚན་ཆུང་གིས་དཀར་མཛེས་ཁུལ་དུ་ཐུམ་འབུའི་ནད་ཀྱི་འགོག་བཅོས་ལས་ཀར་རྟོག་ཞིབ་གནང་།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-30
ཉེ་སྔོན། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་སྐོར་ཞིབ་གཞོན་པ་ལི་ཅེ་ཡིས་ཞིང་ཆེན་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་པའི་སྣེ་ཁྲིད་དེ་དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་ཀྱི་འགོག་བཅོས་ལས་ཀར་རྟོག་ཞིབ་གནང་།
བརྟག་ཞིབ་ཚན་ཆུང་གི་མི་སྣ་དག་སྔ་རྗེས་སུ་རྟའུ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་མི་དམངས་སྨན་ཁང་། དཀར་མཛེས་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་མི་དམངས་སྨན་ཁང་། གསེར་ཤུལ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་མི་དམངས་སྨན་ཁང་། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་འཐབ་བཀོད་འདོམས་པུའུ་བཅས་སུ་ཕྱིན་ནས་ཡུལ་དངོས་རྟོག་ཞིབ་དང་དཔྱད་གཞིའི་རྒྱུ་ཆ་ཀློག་པ།་སོགས་ཀྱི་བྱ་ཐབས་སྤྱད་དེ་དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་ཀའི་སྐུལ་སྤེལ་གནས་ཚུལ་ལ་ཞིབ་ཕྲའི་སྒོ་ནས་ལྟ་སྐུལ་མཛུབ་སྟོན་གནང་བ་མ་ཟད། གསེར་ཤུལ་རྫོང་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཐུམ་འབུའི་ནད་ཀྱི་འགོག་བཅོས་ལས་ཀའི་སྙན་ཞུ་དང་འབྲེལ་ཡོད་བསམ་འཆར་ལ་གསན།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1