ད་ལོར་སི་ཁྲོན་གྱིས་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་7200ལས་བརྒལ་བ་བརྩོན་ལེན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-29


      སྤྱི་ཟླ་3པའི་ཚེས་24ཉིན་ཚོགས་པའི་2016ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གསོ་སྦྱོང་ཚོགས་འདུའི་སྟེང་ནས་བཏོན་པ་ལྟར་ན། ད་ལོ་རང་རེའི་ཞིང་ཆེན་གྱིས་ཡུལ་སྐོར་མ་དངུལ་གཏོང་འཇོག་མཉམ་བསྲེས་སྐུལ་འདེད་དང་། ཡུལ་སྐོར་གསང་སྤྱོད་སྒྱུར་བཀོད་དམ་འཛིན་ཡག་པོ་བྱེད་པ། ཡུལ་སྐོར་དབུལ་སྐྱོར་ལས་འགན་ལེགས་གྲུབ་ཡོང་བ་ཁག་ཐེག་བྱེད་པ། གྲོང་སྡེའི་ཡུལ་སྐོར་རིམ་སྤོར་ཅན་བསྐྲུན་པ། ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་གཏོང་བ། བོད་ཁུལ་དང་གསར་བརྗེ་ཡུལ་སྐོར་ཇེ་མགྱོགས་སུ་གཏོང་བ། ཡུལ་སྐོར་ཚོང་ཟོག་དང་ས་ཁུངས་མཉམ་ལས་དམ་འཛིན་བཅས་བྱས་ནས། ལོ་ཧྲིལ་པོའི་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་7200ལས་བརྒལ་བ་བརྩོན་ལེན་བྱེད་པ་དང་། སི་ཁྲོན་གྱི་ཡུལ་སྐོར་དཔལ་འབྱོར་རིམ་འཕར་ཅན་གསར་བསྐྲུན་དགོས།

      ད་ལོར་རང་རེའི་ཞིང་ཆེན་གྱིས་རྒྱལ་ཡོངས་ཡུལ་སྐོར་དབུལ་སྐྱོར་ཚོད་ལྟའི་ཡུལ་ཚོ་10འཛུགས་སྐྲུན་ལེགས་པོ་བྱ་དགོས་པ་དང་། ཞིང་ཆེན་རིམ་པའི་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་ཁུལ་3ནས་5བར་དང་། ཞིང་ཆེན་རིམ་པའི་དབུལ་སྐྱོར་དཔེ་སྟོན་གྲོང་སྡེ་30ནས་50བར། གྲོང་གསེབ་ཀྱི་དམངས་གཞིས་མགྲོན་ཁང་ཚད་ལྡན་དུད་ཚང་300ནས་500བར་འཛུགས་སྐྲུན་ལེགས་འགྲུབ་བྱུང་དགོས་པ་དང་། དབུལ་པོའི་རྫོང་ཁག་20ཡི་ཡུལ་སྐོར་ཚོང་རྫས་སྤུས་རྟགས་གསོ་སྐྱོང་བྱ་དགོས། རང་རེའི་ཞིང་ཆེན་གྱིས་གྲོང་གསེབ་ཡུལ་སྐོར་རིམ་སྤོར་ཅན་བསྐྲུན་དགོས་པ་དང་། ལོ་ཧྲིལ་པོའི་གྲོང་གསེབ་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་2000ཟིན་པ་བརྩོད་ལེན་བྱ་དགོས། ཁྲེན་ཏུའུ་བསྐོར་བའི་གྲོང་གསེབ་སྤྲོ་གསེང་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་ནས་ཀྲུང་གོའི་སྤུས་ལེགས་དམངས་གཞིས་མགྲོན་ཁང་30གསར་གཏོད་འཛུགས་སྐྲུན་བྱེད་རྒྱུ་བརྩོད་ལེན་བྱ་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1