ཞི་ཅིན་ཕིང་གིས་ཆེ་ཁི་ཡི་སྲིད་འཛིན་ཙེ་མན་དང་མཇལ་ཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-29


    ས་གནས་དེ་གའི་དུས་ཚོད་དེ་སྤྱི་ཟླ་3ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རག་གི་ལ་ཉི་གཞིས་ཀ་རུ་ཆེ་ཁི་ཡི་སྲིད་འཛིན་ཙེ་མན་དང་མཇལ་ཕྲད་གནང་། 

    ཙེ་མན་གྱིས་ཞི་ཅིན་ཕིང་ཆེ་ཁི་ལ་རྒྱལ་དོན་འཚམས་འདྲི་ཕེབས་པར་དགའ་བསུ་ཆེན་པོ་ཞུས། ཞི་ཅིན་ཕིང་གིས། འདི་ནི་ངས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་པ་ནས་བཟུང་ཐེངས་དང་པོར་དབུས་ཤར་ཡོ་གླིང་རྒྱལ་ཁབ་ལ་འཚམས་འདྲི་དང་ཀྲུང་གོའི་རྒྱལ་ཁབ་དབུ་ཁྲིད་ཀྱིས་རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་འབྲེལ་བ་བཙུགས་ཏེ་ཐེངས་དང་པོར་ཆེ་ཁི་རྒྱལ་ཁབ་ལ་འཚམས་འདྲི་ཞུས་པ་ཡིན། ཀྲུང་གོ་དང་ཆེ་ཁི་བར་ཐག་རིང་པོར་གནས་ནའང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་རྒྱུན་རིང་པ་མ་ཟད་རྒྱལ་ཁབ་གཉིས་ཀྱི་མི་དམངས་གཅིག་སེམས་གཅིག་ཏུ་སྦྲེལ་ཞིང་བརྩེ་དུང་ཟབ་ཏུ་འདྲེས་ཡོད། ངས་ཐེངས་འདིའི་རྒྱལ་དོན་འཚམས་འདྲི་བརྒྱུད་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཕྱོགས་གཉིས་ཀྱི་ཐུན་མོང་གིས་དོ་ཁུར་བྱེད་པའི་གནད་དོན་ཐད་ནས་སྤེལ་རེས་དང་བགྲོ་གླེང་ཟབ་མོ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་ཐུབ་པའི་རེ་བ་ཡོད་ཅེས་བསྟན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1