ལི་ཁེ་ཆང་གིས་བལ་བོའི་ཙུང་ལི་ཨོ་ལེ་དང་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-22


   

    སྤྱི་ཟླ་3པའི་ཚེས་21ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་བལ་བོའི་ཙུང་ལི་ཨོ་ལི་དང་གྲོས་མོལ་མཛད། གྲོས་མོལ་སྔོན་དུ་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ།

    ལི་ཁེ་ཆང་གིས་ཀྲུང་གོའི་ཕྱོགས་ནས་བལ་བོས་ཀྲུང་གོའི་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། བལ་བོས་བདག་དབང་དང་རང་བཙན། མངའ་ཁོངས་གཅིག་གྱུར་ལ་འགན་སྲུང་དང་བལ་བོའི་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་མི་བྱེད་པ་རྒྱུན་འཁྱོངས་བྱེད་པར་མ་ཟད་བལ་བོ་མི་དམངས་ཀྱིས་གདམ་གསེས་བྱས་པའི་འཕེལ་རྒྱས་བགྲོད་ལམ་ལ་རྒྱབ་སྐྱོར་བྱེད་ངེས། ཀྲུང་གོའི་ཕྱོགས་ནས་ཞི་བདེ་དང་དར་རྒྱས་ཆེ་བའི་བལ་བོ་ཞིག་མཐོང་འདོད་པའི་རེ་བ་ཡོད་པ་དང་བལ་བོ་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་གཏིང་ཟབ་དང་ཕྱོགས་ཡོངས་ཀྱི་འགྲོ་འོང་ལ་ཤུགས་སྣོན། ཕྱོགས་གཉིས་དང་ས་ཁུལ་གྱི་གཉིས་ཕན་མཉམ་འབྲེལ་རྒྱ་བསྐྱེད། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཐད་ནས་མཐུན་སྦྱོར་དང་མཉམ་འབྲེལ་བྱས་ཏེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་ས་གནས་ཀྱི་གཏན་འཇགས་དང་འཛམ་གླིང་གི་ཞི་བདེ་ལ་འགན་སྲུང་བྱ་འདོད་ཅེས་བསྟན།
    ཨོ་ལི་ཡིས་བལ་བོའི་ཕྱོགས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་དང་བལ་བོའི་རྒྱལ་ཁོངས་སུ་ཀྲུང་གོའི་ཁེ་ཕན་ལ་གནོད་པའི་བྱེད་སྒོ་གང་ཡང་སྤེལ་དུ་མི་འཇུག་པ་དང་།  ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་བལ་བོའི་རང་བཙན་འགན་སྲུང་ལ་རྒྱབ་སྐྱོར་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་བཀའ་དྲིན་ཆེ་ཞུས། བལ་བོའི་ཕྱོགས་ནས་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཁྲོད་དུ་ཁེ་ཕན་ཐོབ་པའི་རེ་བ་ཡོད་ལ། མཐོ་རིམ་བརྗེ་རེས་རྒྱུན་སྲུང་དང་ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ཁྲོད་ཟབ་ཞུགས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་ནུས་ཁུངས། ཞིང་ལས། དངུལ་རྩ། རྒྱལ་ཁོངས་བརྒལ་བའི་བཟོ་ཚོང་། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ནས་བལ་བོ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་འདོད་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1