ལི་ཁེ་ཆང་གིས་འཇར་མན་གྱི་སྲིད་འཛིན་ཀའོ་ལི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-22


    སྤྱི་ཟླ་3པའི་ཚེས་21ཉིན་གྱི་སྔ་དྲོར།  རྒྱལ་སྲིད་སྤྱི་ཆབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ ཕེབས་པའི་འཇར་མན་གྱི་སྲིད་འཛིན་ཀའོ་ཁུ་དང་མཇལ་འཕྲད་གནང་།  
    ལི་ཁེ་ཆང་གིས་འཇར་མན་ནི་ཀྲུང་གོའི་ཡོ་རོབ་ས་ཁུལ་དུ་ཡོད་པའི་མཉམ་ལས་རམཛའ་འབྲེལ་གཙོ་བོ་ཞིག་ཡིན་སྟེ།   འདས་ཟིན་པའི་ལོ་མང་པོའི་ནང་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་དང་ཁ་ཞེ་གཉིས་མེད་ཀྱིས་འབྲེལ་འདྲེས་བྱས། ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བ་ནི་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་ལམ་སྟོན་པ་ལྟ་བུར་གྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་མཉམ་དུ་གྲོལ་མོལ་མཛད་ནས་གཡུར་དུ་ཟ་བའི་གྲུབ་འགྲུབ་བླངས།   ཀྲུང་གོའི་ཕྱོགས་ནས་འཇར་མན་དང་མཉམ་དུ་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་བྱུང་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།  
    ཀའོ་ཁུ་ཡིས་འཇར་མན་དང་ཀྲུང་གོ་གཉིས་ཀྱིས་འབྲེལ་བའི་འཕེལ་རྒྱས་ཇེ་ཟབ་གཏང་འདོད་པའི་རེ་བ་ཆེ་བས་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་བརྗེ་རེས་ཀྱི་འབྲེལ་བ་བརྟན་པོ་ཡིན་ཞིང་ཕན་ཚུན་མ་དངུལ་འཇོག་ཚད་ཉིན་རེ་ལས་ཉིན་རེ་མང་དུ་འགྱུར་བཞིན་འདུག  འཇར་མན་ཕྱོགས་ནས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་བཅོས་སྐྱོང་དང་གུས་སྨོན་བྱེད་བཞིན་ཡོད་པར་མ་ཟད་ཀྲུང་གོའི་འཕེལ་རྒྱས་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་ངེས། དུས་མཚུངས་སུ་ཀྲུང་གོས་འཇར་མན་ལ་མ་དངུལ་འཇོག་ཚད་སྔར་ལས་ཇེ་ཆེ་གཏང་པར་དགའ་བསུ་ཞུ་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1