ཞི་ཅིན་ཕིང་གིས་བལ་པོའི་ཙུང་ལི་ཨོ་ལེ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-22


    

    སྤྱི་ཟླ་3པའི་ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་21ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བལ་བོའི་ཙུང་ལི་ཨོ་ལི་དང་མཇལ་འཕྲད་གནང་།

    ཞི་ཅིན་ཕིང་གིས་ཀྲུང་གོ་དང་བལ་བོ་གཉིས་ནི་མི་རབས་ནས་མི་རབས་བརྒྱུད་པའི་མཛའ་མཐུན་དང་ཕྱོགས་ཡོངས་ནས་མཉམ་འབྲེལ་བྱེད་པའི་ཁྱིམ་མཚེས་ཡིན། ཕྱོགས་གཉིས་ཀྱིས་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་ནམ་ཡང་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་སྟེང་གཉིས་ཕན་མཉམ་ལས་སྤེལ་ནས་ཐུན་མོང་གི་འཕེལ་རྒྱས་ལ་འབད་པ་བྱས། ཀྲུང་གོ་དང་བལ་བོ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ། དེང་སྐབས་རྒྱལ་ཁབ་གཉིས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་ལས་འགན་ལ་འཕྲད་ཡོད་པས། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་གོམས་སྲོལ་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དང་ཤུགས་སྣོན་བྱས་ནས་ནན་ཏན་སྒོས་ཀྲུང་གོ་དང་བལ་བོའི་ཐུན་མོང་གི་ལས་དབང་བསྐྲུན་དགོས་ཞེས་བསྟན། 
    ཨོ་ལེ་ཡིས་བལ་བོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་འཁྱོལ་བྱེད་བཞིན་ཡོད་པ་དང་། སྟོབས་ཤུགས་གང་རུང་གི་ཀྲུང་གོའི་ཁེ་ཕན་ལ་གནོད་པའི་བྱེད་སྒོ་བལ་བོའི་རྒྱལ་ཁོངས་སུ་སྤེལ་དུ་མི་འཇུགག་མི་སྲིད། བལ་བོས་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་མུ་མཐུད་དུ་བལ་བོ་དང་ཀྲུང་གོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་བར་འབད་པ་བྱེད་པར་མ་ཟད། ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་བསྐྲུན་ཁྲོད་ཟབ་ཞུགས་དང་ཚད་མཐོ་བའི་གདེང་འཇོག་གནང་སྟེ་ཕྱོགས་གཉིས་ཀྱི་བཟོ་ཚོང་དང་དངུལ་རྩ། མཉམ་སྦྲེལ་མཉམ་མཐུད། རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲེས་མཐུན་སྦྱོར་ཇེ་ཟབ་ཏུ་གཏང་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1