ཧྲི་ཅུན་གྱིས་དཀར་མཛེས་ཁུལ་དུ་བོད་ཁུལ་གྱི་ཁྲིམས་ལྟར་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ལས་ཀར་ལྟ་སྐུལ་སློབ་སྟོན་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-11


     སྤྱི་ཟླ་3པའི་ཚེས་8ནས་ཚེས་10བར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧྲི་ཅུན་གྱིས་ཚན་ཆུང་གི་སྣེ་ཁྲིད་དེ་དཀར་མཛེས་ཁུལ་གྱི་དཀར་མཛེས་རྫོང་དང་། རྟའུ་རྫོང་དུ་ཕེབས་ནས་བོད་ཁུལ་གྱིས་ཁྲིམས་ལྟར་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ལས་ཀ་སྤེལ་བར་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་ལྟེ་བར་བཟུང་ཞིང་། རྒྱུ་མང་མཉམ་བཅོས་བྱ་ཐབས་སུ་སྤྱོད་པ། དེང་རབས་ཚན་རྩལ་བྱེད་ཐབས་སུ་བྱས་ནས། ཧུར་བརྩོན་སྒོས་བོད་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱ་དགོས་ཞེས་བསྟན། 
     ཧྲི་ཅུན་གྱིས་བསྟན་དོན། བོད་ཁུལ་གྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོ་བའི་སྒོ་ནས་ཁྲིམས་ལྟར་རྒྱུན་རྣམས་ཅན་གྱི་བཅོས་སྐྱོང་ལས་ཀར་དོ་ཁུར་ཆེན་པོ་བྱ་དགོས་ཤིང་། ཏང་སྲིད་ཀྱི་འགན་ཁུར་གཙོ་བོ་ཁུར་བ་དང་ཞིང་ཚགས་སྒོས་རྩ་འཛུགས་བྱེད་པ། ཕན་ནུས་ལྡན་པའི་སྒོནས་སྐུལ་སྐུལ་འདེད་གཏང་བའི་རེ་བ་ལྟར་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བཀོད་སྤྱོད་བྱས་ཆོག་པ་དང་བསྐྱར་བཟོ་བྱས་ཆོག་པ། ཁྱབ་གདལ་གཏང་ཆོག་པའི་ལས་ཀའི་མཉམ་མྱོང་ཁག་ཆིག་འཚོལ་ཞིབ་བྱས་ནས་མུ་མཐུན་དུ་བོད་ཁུལ་སྤྱི་ཚོགས་ཀྱི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།། 
   མ་ལག་ཚང་པའི་སྒོ་ནས་སྐུལ་འདེད་གཏང་བ་དང་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ནས། དྲ་རྒྱ་ཅན་གྱི་ཞབས་ཞུའི་དོ་དམ་དང་། འགལ་བའི་རྩོད་གཞི་སེལ་བ། འཁོར་སྐྱོད་མི་གྲངས་དོ་དམ་སོགས་ཀྱི་རྨང་གཞིའི་ལས་ཀ་ཁག་ལ་གཏིང་ཟབ་པ་དང་ཞིབ་ཚགས་ལྡན་པ། དོན་འཁྱོལ་ཡོང་བ་བཅས་བྱས་ནས། ཞན་ཆ་ཁ་གསབ་དང་ཉེན་ཁ་སྔོན་འགོག་བྱ་དགོས། ཆ་འཕྲིན་ཅན་དང་འགུལ་རྣམ་ཅན། སྒོ་འབྱེད་ཅན་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ནས། ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གང་ལེགས་བྱས་ཤིང་། གསོན་ཉམས་ལྡན་པ་དང་དོན་དངོས་ཀྱི་ཆ་འཕྲིན་གཞི་གྲངས་སྤྱད་དེ། ལེབ་སྙོམས་ཅན་གྱི་ཞབས་ཞུ་དོ་དམ་དཔེ་སྟོན་ལག་བསྟར་བྱས་ཏེ་རྒྱ་ཆེའི་བོད་ཁུལ་གྱི་མང་ཚོགས་ལ་སྤུས་ལེགས་ཤིང་ཕན་ཕྱོད་མཐོ་བའི་ཞབས་ཞུ་མཁོ་འདོན་བྱ་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1