ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་བོད་ཁུལ་ལྟ་སྐུལ་རྟོག་ཞིབ་ཚན་ཆུང་གིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་ལས་ཀ་སྤེལ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-11
ཉེ་ཆར། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་བོད་ཁུལ་ལྟ་སྐུལ་རྟོག་ཞིབ་ཚན་ཆུང་འབའ་ཐང་རྫོང་དང་ཉག་ཆུ་རྫོང་དུ་ཕེབས་ཏེ་ལྟ་སྐུལ་རྟོག་ཞིབ་དང་བསམ་བློའི་རིག་གནས་ལས་ཀ་དྲིལ་བསྒྲགས་བྱས།
འབའ་ཐང་རྫོང་དུ། ལྟ་སྐུལ་རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་རིམ་པའི་རྐང་འཛིན་སྒྲོག་འགྲེལ་པ་རྩ་འཛུགས་བྱས་ཏེ་རྫོང་དེར་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་མཉམ་འབྲེལ་སྒོས་དགོན་པར་སྒྲོག་འགྲེལ་བྱེད་སྒོ་སྤེལ། རྫོང་དེའི་དགོན་པ་གཉིས་ཀྱི་གྲྭ་བཙུན་དང་མང་ཚོགས་མི་100ལྷག་གིས་སྒྲོག་འགྲེལ་ལ་ཉན།
ཉག་ཆུ་རྫོང་དུ་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་བོད་ཁུལ་ལྟ་སྐུལ་རྟོག་ཞིབ་ཚན་ཆུང་རྫོང་དེའི་ཧོར་ལུང་ཡུལ་ཤོག་དང་། མིག་ནོར་ཡུལ་ཤོག མགོ་དཀར་ཡུལ་ཤོག སྦྱར་བ་དགོན་སོགས་དང་རྫོང་དེའི་རྫོང་ཨུའི་དྲིལ་བསྒྲགས་པུའུ། རྫོང་ཁྲིམས་འཛིན་ཅུས་སོགས་ལས་ཁུངས་དང་སྡེ་ཁག་ལ་སོང་ནས་རྟོག་ཞིབ་དང་འབྲེལ་ཡོད་ལས་ཀའི་གནས་ཚུལ་ལ་ལྟ་སྐུལ་གནང་།།