སྡེ་རོང་རྫོང་གིས་གཙོ་གནད་འབུར་ཐོན་དང་གནད་འགག་དམ་འཛིན་སྒོས་དཔྱིད་རྨོས་གྲ་སྒྲིག་ལས་ཀ་ལེགས་པོར་བསྒྲུབ་རྒྱུར་ཤུགས་སྣོན་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-11


     སྤྱི་ཟླ་2པའི་ཚེས་25ནས་ཟླ་3པའི་ཚེས་6ཉིན་བར་དུ། སྡེ་རོང་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་གཉིས་ཀྱིས་སོ་སོའི་ཐད་ནས་ཚོགས་ཆུང་སྣེ་ཁྲིད་དེ། གྲོང་རྡལ་དང་ཡུལ་ཤོག་12་དང་སྲིད་འཛིན་ཡུལ་ཚོ་127ལ་ཟབ་ཞུགས་བྱས་ནས་ཡུལ་དངོས་སུ་དཔྱིད་རྨོས་གྲ་སྒྲིག་གི་དྲིལ་བསྒྲགས་དང་གསོ་སྦྱོང་ལས་ཀ་སྤེལ། གཙོ་བོར་གྲོང་རྡལ་དང་ཡུལ་ཤོག་12ཀྱི་གཙོ་འགན་པ་དང་། ཞིང་ལས་ལས་ཀར་འགན་ཁུརཔའི་ཡུལ་དཔོན་གཞོན་པ་དང་སྲིད་འཛིན་གྲོང་ཚོ་127གྱི་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི། སྡེ་དཔོན། རྩིས་གཉེར་སོགས་ལ་དཔྱིད་མགོའི་ཞིང་སའི་དོ་དམ་དང་རྒྱུན་མཐོང་ནད་འབུའི་གནོད་པ་སྔོན་འགོག དཔྱིད་རྨོའི་ཐོན་སྐྱེད་ལ་མཁོ་བའི་ས་བོན་དང་ལུད་རྫས། ཞིང་སྨན་གྱི་བཀོལ་སྤྱོད་སོགས་ཀྱི་ཤེས་བྱའི་གསོ་སྦྱོང་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1