དར་མདོ་གྲོང་ཁྱེར་གྱིས་ད་ལོར་གྲོང་སྡེ་12གྱི་མི་གྲངས་1983དབུལ་སྒྲོལ་བྱེད་པར་དམ་བཅའ་བཞག

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-11


     དབུལ་སྒྲོལ་འགག་སྒྲོལ་དང་གནད་སྨིན་རོགས་སྐྱོར་ལས་ཀའི་སྐུལ་འདེད་ཚོགས་འདུའི་སྟེང་། དར་མདོ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཐེང་ཆིང་གིས་གནད་སྨིན་རོགས་སྐྱོར་བྱ་བར་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར། སློབ་གསོ་རོགས་སྐྱོར། ཡུལ་མི་གནས་སྤོར་རོགས་སྐྱོར་ལག་བསྟར་བྱ་དགོས་ཞེས་ནན་གྱིས་བསྟན། 
     ད་ལོར། དར་མདོ་གྲོང་ཁྱེར་གྱི་གནད་སྨིན་དབུལ་གྲོལ་ལས་ཀའི་ཁྲོད་གྲོང་སྡེ་12གྱི་མི་གྲངས་1983དབུལ་སྒྲོལ་བྱེད་པར་དམིགས་སུ་འཛིན་རྒྱུ་ཡིན་རེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། དབུལ་པོ་མི་གྲངས་13118དབུལ་ཕོངས་ལས་སྒྲོལ་བ་དང་དུད་ཚང་4205དང་དབུལ་པོ་གྲོང་སྡེ་59དབུལ་ཕོངས་ལས་སྒྲོལ་བ་མངོན་འགྱུར་བྱུང་དགོས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1