ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ལས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་ཕྱག་ཕྲེང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་རྟོག་ཞིབ་གནང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-11


  སྤྱི་ཟླ་3པའི་ཚེས་8ཉིན་ནས་ཚེས་9་བར།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ལས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁྲང་ཕིང་ལས་ཀ་ཚན་ཆུང་དང་མཉམ་དུ་ཕྱག་ཕྲེང་རྫོང་དུ་ཕེབས་ཏེ་གནད་སྨིན་དབུལ་སྐྱོར་ལས་ཀར་རྟོག་ཞིབ་གནང་། ཕྱག་ཕྲེང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་གྲོང་རྡལ་གྱི་འབྲེལ་ཡོད་མི་སྣས་ཕེབས་རོགས་བྱས་པ་མ་ཟད་ད་དུང་ལས་ཀའི་ཚན་ཆུང་ལ་གནས་ཚུལ་ངོ་སྤྲོད་དང་ལས་ཀའི་སྙན་ཞུ་ཕུལ། 
  ལི་ཁྲང་ཕིང་གིས་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་འཕེལ་རྒྱས་ཀྱི་རེ་བ་ཡིན་པས། མུ་མཐུད་དུ་སློབ་གསོའི་མ་དངུལ་འཇོག་ཤུགས་ལ་ཤུགས་སྣོན་བྱས་ཏེ་མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་སྤེལ་དགོས།  དེ་མིན་ཡུལ་ཤོག་འཕྲོད་བསྟེན་ཁང་གི་ཕུགས་ཕན་འཁོར་སྐྱོད་དོ་དམ་ལམ་ལུགས་འཛུགས་སྐྲུན་དང་འཐུས་ཚང་དུ་གཏང་བ་དང་ཡུལ་ཤོག་འཕྲོད་བསྟེན་ཁང་གི་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་ཡུལ་ཤོག་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ་མང་ཚོགས་ཀྱི་སྨན་བཅོས་གནད་དོན་ཐག་གཅོད་ལེགས་པོ་བྱ་དགོས་ཞེས་བསྟན།།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1