དུད་ཚང་སོ་སོར་དུ་ཁུང་མཁོ་སྤྲོད་བྱས་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

གསར་འགོད་པ། ལྷ་མོ་ཚེ་རིང་། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-03


རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ཤུགས་སྣོན་པ་དང་། དུ་ཁུང་ནས་མེ་སྟག་ཕྱི་རུ་མཆེད་ནས་རྩྭ་ཐང་ལ་མེ་སྐྱོན་ཤོར་རྒྱུ་སྔོན་འགོག་ནུས་ལྡན་བྱེད་པ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་དང་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད། ཉེ་ཆར། མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱིས་རྒྱ་ཆེའི་མང་ཚོགས་ལ་དུ་ཁུང་གི་ཁ་ལེབ་མཁོ་འདོན་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ།

ཐེངས་འདིའི་མཁོ་སྤྲོད་ལས་དོན་དེ་ཐང་སྐོར་གྲོང་རྡལ་ཡོངས་སུ་ཁྱབ་པར་བྱས་ཡོད་དེ། གྲོང་ཚོའི་འགན་འཁུར་མི་སྣ་དང་གྲོང་ཚོའི་བཅའ་སྡོད་ལས་དོན་ཚོགས་ཆུང་སོགས་དུད་ཚང་རེ་རེ་བཞིན་བསྐྱོད་ནས་མེ་ཟོན་གྱི་གལ་ཆེའི་རང་བཞིན་འགྲེལ་བཤད་བྱས། ཡུལ་དངོས་ནས་དུ་ཁུང་སྒྲིག་སྦྱོར་བྱེད་སྟངས་གསལ་སྟོན་སོགས་བྱས་ནས་འབྲོག་པ་མང་ཚོགས་ཀྱིས་དུ་ཁུང་ཡང་དག་བེད་སྤྱོད་ཐུབ་པར་འགན་བླངས། དུ་ཁུང་ཁ་ལེབ་སྤྱོད་ན་མེ་སྟག་ཕྱི་རུ་མཆེད་རྒྱུ་སྔོན་འགོག་ཐུབ་ལ་མེ་ཟོན་གྱི་ཉེན་ཁ་ཆུང་དུ་གཏོང་ཐུབ་པས་དེ་ནི་རྩྭ་ཐང་མེ་འགོག་ལས་དོན་ཁྲོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན།

འབྲོག་པ་མང་ཚོགས་ཀྱིས་ཐེངས་འདིའི་དུ་ཁུང་མཁོ་སྤྲོད་ལས་དོན་ལ་རྒྱབ་སྐྱོར་དང་གདེང་འཇོག་ལེགས་པོ་བྱས། སོ་སོས་དུས་དང་རྣམ་པ་ཀུན་ཏུ་རྩྭ་ཐང་གི་མེ་ཟོན་ལས་དོན་ཡག་པོ་བསྒྲུབ་ངེས་ཡིན་པ་དང་། དུ་ཁུང་བེད་སྤྱོད་ཡག་པོ་བྱས་ནས་རྒྱུན་ལྡན་གྱི་མེ་འགོག་འདུ་ཤེས་ཇེ་ཟབ་དུ་གཏོང་ངེས་ཡིན་པའི་ཁས་ལེན་ཁག་ཐེག་བྱས།

ཐང་སྐོར་གྲོང་རྡལ་གྱིས་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་མུ་མཐུད་དོ་ཁུར་བྱས་ཏེ་བྱེད་ཐབས་སྣ་ཚོགས་བརྒྱུད་དྲིལ་བསྒྲགས་དང་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ། འབྲོག་པ་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ། མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་དང་འབྲོག་པའི་བདེ་སྐྱིད་ཀྱི་འཚོ་བར་སྲུང་སྐྱོང་ཡག་པོ་བྱེད་ངེས་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1