གཞོན་ནུ་ལོ་ཆུང་གི་ཉམས་འགྱུར།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 12-03


སྤྱི་ཟླ་11ཚེས་29ཉིན། བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་སྐབས་དང་པོའི་གཞོན་ནུ་ལོ་ཆུང་གི་མི་ཐབས་རིག་ནུས་རིམ་སྒྲིག་འགྲན་བསྡུར་ཆེན་པོ་བྱས་ཤིང་། རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་9ཡི་རུ་ཁག་25འགྲན་བསྡུར་ནང་ཞུགས་ཡོད་པ་རེད། འགྲན་བསྡུར་བྱ་ཡུལ་དུ། བདམས་ཐོན་པ་ཚོས་རང་ཉིད་ཀྱིས་རིམ་སྒྲིག་ཇུས་འགོད་བྱས་པ་དང་། མི་མེད་འཕྲུལ་ཆས་བྱང་ཆུབ་པོས་སྤྱད་པ་དང་ཁོང་ཚོས་བཟོས་པའི་འཕྲུལ་མིར་རང་བརྟེན་ཕྱོགས་སྟོན་ཐུབ་པ་མ་ཟད། ཚོར་ཆས་སྤྱོད་པ་དང་རིམ་སྒྲིག་གཏན་ཚིགས་སོགས་ཀྱི་ནུས་པའང་ལྡན་པས། མི་ཐབས་རིག་ནུས་ཀྱི་རིམ་སྒྲིག་ཐད་ཀྱི་ཁོང་ཚོའི་ཤེས་ཡོན་དང་གསར་གཏོད་འཇོན་ཐང་གང་ལེགས་མངོན་ཡོད་པ་རེད། འདི་ནི་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1