༄༅།།སྙིང་གྲོགས་བྱམས་པ་རྙེད་བྱུང་། བྱམས་པས་ཁ་བསླུས་བརྒྱབ་སོང་།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། སྤེལ་དུས། 12-03


   ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་གཅིག་གིས་དྲ་ཐོག་ནས་དགའ་རོགས་སྒྲིག་སྐབས་ཕག་གསོད་མཉེན་ཆས་ནས་ཁ་བསླུས་སྒོར་ཁྲི་23ཐེབས་ཤིང་། ལྷ་སའི་སྤྱི་བདེས་རྒྱ་ཆེའི་མང་ཚོགས་ལ་ངེས་པར་དུ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།  ཟླ་10ཚེས་14ཉིན། གྲོང་མི་ཨ་ཅག་ལིའུ་(མིང་ཚབ)ལ་ཆ་རྒྱུས་མེད་པའི་འཕྲིན་ཐུང་ཞིག་འབྱོར། ཕ་རོལ་པོས་དགའ་རོགས་སྒྲིག་སའི་དྲ་ཚིགས་ནས་ཁྱེད་རང་གི་གནས་ཚུལ་ཤེས་བྱུང་། བྱས་ཙང་ཁྱེད་ཉིད་དང་དགའ་རོགས་སྒྲིག་རྒྱུའི་འདུན་པ་བྱུང་ཞེས་བརྗོད། ཕན་ཚུན་འབྲེལ་འདྲིས་གང་འཚམ་བྱས་རྗེས་མཐར་ཁོ་པ་དང་དགའ་རོགས་སྒྲིག་པ་རེད། ཨ་ཅག་ལིའུ་ཆེ་གེ་མོའི་ཡིད་ཆེས་ཐོབ་རྗེས། ཁོ་པའི་དངུལ་བྱང་ནང་དངུལ་སྒོར་ཁྲི་23བླུགས་སུ་བཅུག་པ་རེད། 

མིག་སྔར་གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།  ཉེན་རྟོག་ཕྱོགས་ཀྱིས། དྲ་ཐོག་ནས་གྲོགས་པོ་སྒྲིག་སྐབས་ཡིད་གཟབ་དང་དོགས་ཟོན་བྱེད་དགོས་པ་དང་། དྲ་ཐོག་ནས་རྒྱུས་མངའ་མེད་པའི་མི་དང་འབྲེལ་བ་མི་བྱེད་པ། ཕ་རོལ་པོ་ངོ་མི་ཤེས་ན་དངུལ་མི་བསྐུར་བ་བཅས་བྱས་ཏེ་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1