གྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919
འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ C919སྟེ་མིང་ཆ་ཚང་ལ་ COMAC C919ཟེར་ཞིང་། ཀྲུང་གོའི་ཆེས་ཐོག་མའི་རྒྱལ་སྤྱིའི་མཁའ་སྐྱོད་ཚད་གཞི་ལྟར་རང་བདག་གི་ཤེས་ཡོན་བདག་དབང་ཡོད་པའི་གཞུང་སྐུད་དམངས་བཀོལ་གནམ་གྲུ་ཡིན། སྤྱི་ལོ་2018ལོ་ནས་བཟོ་སྐྲུན་འགོ་བརྩམས་ཤིང་། ཡིག་འབྲུ་Cཡིས་ཀྲུང་གོ་མཚོན་བཞིན་ཡོད་ལ། དེ་ཡང་ཀྲུང་གོ་ཚོང་བཀོལ་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་ཟིའི་དབྱིན་མིང་སྟེ་COMACཡི་ཡིག་འབྲུ་ཐོག་མ་ཡིན་ལ། ཐོག་མའི་ཨང་ཀི་9དེ་རྒྱའི་ཡི་གེ་ཁྲོད་དུ་དོན་ལ་བསྐལ་པ་ཇི་སྲིད་བར་དུ་ཞེས་པའི་གོ་བ་ལེན་སྟངས་ཡོད་པས་དེ་ལྟར་བཏགས་ཤིང་། ཨང་ཀི་19ཡིས་ཀྲུང་གོའི་ཐེངས་དང་པོའི་འགྲུལ་སྐྱེལ་གནམ་གྲུ་འབྲིང་གྲས་ཀྱི་འདུག་སྟེགས་190ཡིན་པས་དེ་ལྟར་གཞི་གཅིག་ཏུ་ C919ཞེས་བཏགས།
འགྲུལ་སྐྱེལ་གནམ་གྲུ་ཆེ་ཤོས་ C919ནི་རང་རྒྱལ་གྱིས་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་གྱི་སྒྲིག་སྲོལ་ལྟར་རང་བདག་གིས་ཞིབ་འཇུག་དང་གསར་བཟོ་བྱས་ཤིང་། རང་བདག་གི་ཤེས་ཡོན་བདག་དབང་ཡོད་པའི་རླུང་སྦུད་གནམ་གྲུ་ཆེ་གྲས་ཡིན། རྐུབ་བཀྱགས་158-168ཡིན་ལ། འཕུར་ལམ་རིང་ཚད་སྤྱི་ལེ་4075-5555བར་ཡིན་ཞིང་།
2017ལོའི་ཟླ་5པའི་ཚེས་5ཉིན་ལ་ཐོག་འཕུར་ནས་ལེགས་གྲུབ་བྱུང་ལ། 2018ལོའི་ཟླ་2པའི་ཚེས་26ཉིན་བར་ཁྱོན་བསྡོམས་ཚོང་བདག་28ཀྱི་གནམ་གྲུ་815ཡི་མངགས་ཐོ་འབྱོར།
2018ལོའི་ཟླ་2པའི་ཚེས་6ཉིན་ལ། ཀྲུང་གོ་ཚོང་བཀོལ་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་ཟིས་2021ལོར་བཞུད་ལམ་རྐྱང་པའི་ C919གནམ་གྲུ་ཐོག་མ་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས།
གནམ་གྲུ་ཆེ་གྲས་གལ་ཆེའི་ཆེད་དམིགས་ལས་གཞི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་དང་རང་རྒྱལ་གྱི་རང་བདག་གསར་གཏོད་ནུས་པ་མཐོར་འདེགས། རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་གོང་མཐོར་གཏོང་བའི་འཐབ་ཇུས་ཐག་གཅོད་གལ་ཆེན་ཞིག་ཡིན་ལ། 《རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་ཚན་རིག་དང་ལག་རྩལ་འཕེལ་རྒྱས་འཆར་འགོད་རྩ་དོན(2006-2020)》ལས་གཏན་འཁེལ་བྱས་པའི་གལ་ཆེའི་ཆེད་དམིགས་ལས་གཞི་16གི་ཡ་གྱལ་ཡིན། ཀྲུང་གོའི་གནམ་གྲུ་ཆེ་གྲས་མཁའ་ལ་འཕུར་རྒྱུ་ནི་རྒྱལ་ཁབ་ཀྱི་འདུན་པ་ཡིན་ལ་མི་རིགས་ཀྱི་འདུན་པའང་ཡིན།
ཀྲུང་གོའི་ཚོང་བཀོལ་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སི་དེ་སྤྱི་ལོ་2008ལོར་བཙུགས་ཤིང་། སྤྱི་ཁྱབ་བཀོད་འདོམས་པུའུ་ཧྲང་ཧེ་རུ་བཙུགས་ཡོད་ལ། དེ་ནི་རྒྱལ་ཁབ་ཀྱི་གནམ་གྲུ་ཆེ་གྲས་ཆེད་དམིགས་ལས་གཞིའི་ཁྲོད་ཀྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ལས་གཞིའི་སྲོག་ཤིང་ཡིན། ལས་མི་8300ཡོད་ལ། སྤྱི་ཁྱབ་བཀོད་འདོམས་པུའུ་གཅིག་དང་ལྟེ་བ་ཆེ་ཤོས་དྲུག་གིས་གྲུབ་ཡོད། ཇུས་འགོད་ཞིབ་འཇུག་གསར་གཏོད་ལྟེ་བས་རང་རྒྱལ་གྱི་ཐོག་མའི་རང་བདག་གིས་ཞིབ་འཇུག་གསར་གཏོད་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་འབྲིང་གྲས་C919དང་། ཡན་ལག་མཁའ་ལམ་གསར་པའི་གནམ་གྲུ་ARJ21ཡིས་ལས་གཞིའི་ཇུས་འགོད་ལས་འགན་དང་ལག་རྩལ་གྱི་འགན་འཁྲི་སྤྱི་ཁུར་ཡོད།
2006ལོའི་ཟླ་2པའི་ཚེས་9ཉིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་ཚན་རིག་དང་ལག་རྩལ་འཕེལ་རྒྱས་འཆར་འགོད་རྩ་དོན(2006-2020)།》ལས་གཏན་འཁེལ་བྱས་པའི་གལ་ཆེའི་ཆེད་དམིགས་ལས་གཞི་16གི་ཡ་གྱལ་ཡིན་པ་ཁྱབ་བསྒྲགས་བྱས།
འགྲུལ་སྐྱེལ་གནམ་གྲུ་C919ནི་ལམ་ཐག་འབྲིང་བ་དང་ཐུང་བར་འོས་པའི་ཚོང་དོན་གནམ་གྲུ་ཡིན་ལ། དངོས་ཡོད་རིང་ཚད་ལ་སྨི་38དང་གཤོག་པའི་རིང་ཚད་ལ་སྨི་35.8ཡོད། མཐོ་ཚད་ལ་སྨི་12ཡོད་ཅིང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་ནས་རྐུབ་བཀྱགས་168ཡོད། ཚད་གཞིའི་འཕུར་ལམ་རིང་ཚད་སྤྱི་ལེ་4075ཡིན་ལ་ཆེས་རིང་བའི་འཕུར་ཐག་སྤྱི་ལེ་5555ཡིན། དུས་ཡུན་འདང་ཚད་དེ་འཕུར་སྐྱོད་དུས་ཚོད་ཁྲི་9ལ་ཐོན་ཡོད།
གནམ་གྲུ་བཟོ་བའི་རྒྱུ་ཆའི་ཆ་ནས་C919ལ་སྔོན་ཐོན་འདྲེས་སྦྱོར་གྱི་རྒྱུ་ཆ་འབོར་ཆེན་དང་ཧ་ཡང་དང་ལིས་བསྲེས་ལྕགས་སོགས་བཀོལ་ཡོད། དེའི་ཁྲོད་ནས་རྒྱུ་ཆའི་20%ཙམ་སྔོན་ཐོན་འདྲེས་སྦྱོར་རྒྱུ་ཆ་བེད་སྤྱོད་བྱེད་བཞིན་ཡོད་ལ། གནམ་གྲུའི་ནང་ཁུལ་གྱི་བཟོ་བཀོད་ཇུས་འགོད་ལྟར་གནམ་གྲུའི་ལྗིད་ཚད་མར་ཆག་གི་འཇུག་བཞིན་ཡོད། དེ་མ་ཟད་གནམ་གྲུའི་སྤྱིའི་ལྗིད་ཚད་ཀྱི་20-30%ཙམ་ལ་རང་རྒྱལ་གྱིས་བཟོས་པའི་ཧ་ཡང་བསྲེས་ལྕགས་དང་ཐའེ་བསྲེས་ལྕགས། རྣོ་ལྕགས་སོགས་རྒྱུ་ཆ་བཀོལ་རྒྱུ་རེད། དུས་བསྟུན་དུ་འདྲེས་སྦྱོར་རྒྱུ་ཆ་བཀོལ་སྤྱོད་བྱས་པ་མང་པའི་རྐྱེན་གྱིས་ཕྱིའི་རྒྱལ་ཁབ་ཀྱི་གནམ་གྲུ་རིགས་འདི་དང་འདྲ་བ་དག་གི་འཛེར་སྒྲ་ཧྥིན་པེ་80ཡིན་ལ། C919ཡིས་གནམ་གྲུའི་ནང་རོལ་གྱི་འཛེར་སྒྲ་ཧྥིན་པེ་60ལ་ཆག་པའི་རེ་བ་ཡོད།
བཙོག་འབུད་ཆ་ནས། C919ནི་སྔོ་ལྗང་ཅན་དང་ཁོར་སྲུང་གི་རེ་བ་དང་འཚམས་པའི་གནམ་གྲུ་སྔོན་ཐོན་ཡིན་ལ། ཁོར་སྲུང་གི་བསམ་བློ་ལྟར་ཇུས་འགོད་བྱས་པས་གནམ་གྲུའི་ཐཱན་གཏོང་ཚད་དེ་རིགས་འདྲ་བའི་གནམ་གྲུ་དང་སྡུར་ན་50%ཇེ་དམའ་རུ་གཏོང་ཐུབ།
བདེ་སྣང་ལྡན་པ་ནི་C919ཡི་འགྲུལ་ཁང་བཟོ་བའི་དམིགས་འབེན་གཙོ་བོ་ཡིན་ལ། འགྲུལ་ཁང་གི་རྐུབ་བཀྱགས་སྒྲིག་སྟངས་དེ་བཞུད་ལམ་གཅིག་ཅན་བྱས་ཡོད་ལ། གཡས་གཡོན་དུ་རྐུབ་བཀྱགས་གསུམ་རེ་ཡོད་པས། སྔོན་ཆད་བར་དུ་བསྡད་པའི་འགྲུལ་བའི་བཙིར་སྣང་མེད་པར་གཏོང་ཐུབ། གཞུང་ཕྱོགས་ཀྱི་ཡིག་ཆ་ལྟར་ན། C919ཡིས་སྔོན་ཐོན་མཐའ་སྐོར་ཚོད་འཛིན་དང་གློག་ཆས་ཇུས་འགོད་སོགས་དེང་རབས་ཅན་གྱི་རྣམ་པ་སྤྱད་ཡོད་པས་སྟབས་བདེ་དང་སྣང་སྐྱིད་བཟོས་ཡོད།
2018ལོའི་ཟླ་7པའི་ཚེས་12ཉིན་ལ། འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919ཨང་རྟགས་102དེ་ཧྲང་ཧེ་ཕུའུ་ཏུང་གནམ་ཐང་ནས་འཕུར་ཏེ། ཆུ་ཚོད་1དང་སྐར་མ་46བརྒྱུད་ནས་བདེ་ལེགས་ངང་ཧྲན་ཏུང་ཏུང་དབྱིན་རྒྱལ་ཁའི་གནམ་ཐང་དུ་བབས་ཤིང་། ཐེངས་དང་པོར་ཁོར་ཡུག་བརྗེ་བའི་འཕུར་སྐྱོད་ལེགས་གྲུབ་བྱུང་། འདི་ཡིས་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ C919ཡི་ལས་གཞི་དངོས་སུ་ས་ཆ་གང་མང་ནས་ཚོད་ལྟའི་འཕུར་སྐྱོད་བྱེད་པའི་འགོ་བརྩམས་ཤིང་། མ་འོངས་པར་གནམ་གཤིས་འདྲ་མིན་སྣ་ཚོགས་ཀྱི་ཆ་རྐྱེན་འོག་ཚོད་ལྟ་དང་རིམ་པ་སོ་སོའི་ཉེན་ཁ་ཆེ་བའི་འཕུར་སྐྱོད་བསླབ་ཚན་གྲ་སྒྲིག་བྱ་རྒྱུ་རེད།
སྐྱེལ་འདྲེན་-20
སྐྱེལ་འདྲེན་-20ནི་རང་རྒྱལ་གྱིས་ཞིབ་འཇུག་བཟོ་སྐྲུན་བྱས་པའི་དུས་རབས་གསར་པའི་འཐབ་ཇུས་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་ཡིན་ལ། ཀྲུང་གོ་མཁའ་བསྐྱོད་བཟོ་ལས་ཚོགས་པ་ཀུང་སིའི་གནམ་གྲུ་ཇུས་འགོད་ཞིབ་འཇུག་གླིང་དང་པོས་ཇུས་འགོད་དང་། ཞི་ཨན་གནམ་གྲུ་བཟོ་ལས་ཚོགས་པས་གཙོ་བྱས་ནས་བཟོ་སྐྲུན་བྱས་ཤིང་། 2013ལོའི་ཟླ་1པའི་ཚེས་26ཉིན་ལ་ཐོག་འཕུར་ལེགས་གྲུབ་བྱུང་།
གནམ་གྲུ་འདི་སྤྱོད་སྒོ་མང་བའི་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་ཡིན་པའི་ཆ་ནས། གནམ་གཤིས་འདྲ་མིན་སྣ་ཚོགས་ཁྲོད་དངོས་ཟོག་དང་མི་རྒྱང་ཐག་རིང་པོར་སྐྱེལ་འདྲེན་བྱེད་ཐུབ་ལ། ཀྲུང་གོ་མཁའ་དམག་གི་ད་ལྟ་བཀོལ་བཞིན་པའི་ཡེར་-76དང་བསྡུར་ན་སྐྱེལ་འདྲེན-20ཡི་སྒུལ་བྱེད་འཕྲུལ་འཁོར་དང་གློག་ཆས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། དབོར་འདྲེན་ཚད་ཡང་ཇེ་མཐོར་བཏང་ཡོད་པར་མ་ཟད་རྒྱུག་ལམ་ཐུང་བའི་འཕུར་འབབ་ནུས་པ་སྔོན་ལས་ལྷག་པ་ཡོད།
སྐྱེལ་འདྲེན་-20་ཞིབ་འཇུག་གསར་གཏོད་ཀྱི་སྐབས་སུ། ཨུ་རུ་སུའི་ཡེར་-76ལ་དཔེ་ལྟ་བྱས་པ་དང་ཨ་མེ་རི་ཁའི་ C-17ཡིས་ལེགས་ཆ་དུ་མ་བསྡུ་ལེན་བྱས་ཡོད། 2017ལོའི་ཟླ་11པའི་ཚེས་10ཉིན་ལ་མཁའ་དམག་གི་འཕྲིན་ཚབ་པས་འཇོམས་-20དང་སྐྱེལ་འདྲེན་-20་གཉིས་དམག་སྡེར་ཞུགས་པས་རུ་སྒྲིག་སྦྱོང་བརྡར་བྱེད་བཞིན་ཡོད་ཟེར། སྔོན་ཆད་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་ཀྱི་ཁག་ནང་འདྲེན་ལ་རྟེན་ཡོད་པ་དང་། རིགས་དང་ཚད་ལ་བཀག་རྒྱ་ཡོད་པའི་ཀྲུང་གོའི་མཁའ་དམག་ལ་མཚོན་ན་སྐྱེལ་འདྲེན་-20ནི་ཀྲུང་གོའི་མཁའ་བསྐྱོད་ཀྱི་གཟི་བརྗིད་ཡིན་པ་མ་ཟད། ཀྲུང་གོ་མཁའ་དམག་ལ་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་དཀོན་པའི་རེ་བ་བསྐོང་བ་རེད། ཀྲུང་གོའི་དམག་སྡེ་ལ་མཚོན་ན། ཉིན་རྒྱུན་གྱི་དངོས་ཟོག་སྐྱེལ་འདྲེན་གྱི་འོས་འགན་ལས་གཞན་པར་དམག་འཁྲུག་གི་དུས་སུ་མཁའ་མཆོང་དམག་སྐྱེལ་འདྲེན་བྱེད་པར་དགོས་མཁོ་ཆེ།
ཆུ་སྐམ་གཉིས་སྤྱོད་གནམ་གྲུ་AG600
ཆུ་སྐམ་གཉིས་སྤྱོད་གནམ་གྲུ་AG600་གི་མིང་ཆ་ཚང་ལ་མེ་གསོད་པ་དང་ཆུ་ཐོག་མྱུར་སྐྱོབ་བྱེད་ཐུབ་པའི་ཆུ་སྐམ་གཉིས་སྤྱོད་ཀྱི་གནམ་གྲུ་ཞེས་བསྡུས་མིང་ལ་AG600ཟེར། འདི་ནི་ཀྲུང་གོའི་ནགས་ཚལ་མེ་གསོད་དང་ཆུ་ཐོག་མྱུར་སྐྱོབ་ཀྱི་དགོས་མཁོ་ལྟར། ཐེངས་དང་པོར་ཆེད་བཀོལ་ཆེ་གྲས་ཀྱི་དམངས་བཀོལ་གནམ་གྲུ་བཟོས་པ་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱི་མྱུར་སྐྱོབ་མ་ལག་ཁྲོད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་མཁའ་སྤྱོད་སྒྲིག་ཆས་ཀྱི་གྲས་ཡིན།
AG600དེ་རྒྱལ་བསྐྲུན་གྱི་གནམ་གྲུ་ཆེ་གྲས་གསུམ་གྱི་ཡ་གྱལ་ཡིན་ལ། དེ་ནི་ཀྲུང་གོ་མཁའ་བསྐྱོད་བཟོ་ལས་ཚོགས་པ་ཀུང་སི་ཞིབ་འཇུག་བཟོ་སྐྲུན་འགན་ཁུར་ཞིང་། 2016ལོའི་ཟླ་6པར་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་སྟེ། 2016ལོའི་ཟླ་བདུན་ལས་གཞི་གྲུབ།
2017ལོའི་ཟླ་4པའི་ཚེས་29ཉིན་ལ་ཐོག་མའི་འཕུར་བསྲིང་ལེགས་གྲུབ་བྱུང་ཞིང་། ཟླ་12པའི་ཚེས་7ཉིན་ལ་ཐོག་འཕུར་གྱི་ཆོག་མཆན་ཐོབ། ཟླ་12པའི་ཚེས་24ཉིན་ལ་ཀོང་ཏུང་ཀྲུའུ་ཧེ་ནས་འཕུར་བ་ལེགས་འགྲུབ་བྱུང་། རྒྱལ་བསྐྲུན་གནམ་གྲུ་ཆེ་གྲས་བཟོ་སྐྲུན་གྱི་འཕེལ་རྒྱས་ཀྱིས་རང་རྒྱལ་གྱི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་འགན་སྲུང་སྤྲད་པ་དང་། རང་རྒྱལ་གྱི་རྒྱུད་གཅིག་ལམ་གཅིག་གི་བསམ་བློ་གླེང་བ་ནས་བཟུང་།
མ་འོངས་པའི་མཚོ་ཐོག་ཟ་འོག་དར་ལམ་གྱི་མཚོ་སྐྱོད་བདེ་འཇགས་ཀྱི་སྲུང་སྐྱོབ་དང་མྱུར་སྐྱོབ་ལ་ཁག་ཐག་བཟོས་ཡོད་ལ། ཆུ་སྐམ་གཉིས་སྤྱོད་ཀྱི་གནམ་གྲུའི་ནུས་པ་ཆེན་པོ་ཐོན་པ་གདོན་མི་ཟ། །
2018年10月17日,我国自行设计研制的大型水陆两栖飞机AG600,在湖北荆门成功完成了水上首飞,真正实现了水陆两栖全能。中共中央总书记、国家主席、中央军委主席习近平致电表示热烈祝贺。
AG600人称“鲲龙”,是目前世界上在研最大的水陆两栖飞机,它和我国的大型运输机运-20,大型客机C919并称为国产大飞机“三剑客”。
AG600从外形上看,其上半部分是飞机,下半部分是船的造型。它高12.1米,机身长度37米,翼展38.8米,机身外部尺寸与波音737相当;最大起飞重量53.5吨,最大航程超过4000公里。
运-20是中国研究制造的新一代战略军用大型运输机,由中国航空工业集团公司第一飞机设计研究院设计、西安飞机工业集团为主制造,并于2013年1月26日首飞成功。
C919大型客机,全称COMACC919,是中国首款按照最新国际适航标准,具有自主知识产权的干线民用飞机,于2008年开始研制。C是China的首字母,也是中国商飞英文缩写COMAC的首字母,第一个“9”的寓意是天长地久,“19”代表的是中国首型中型客机最大载客量为190座。