དཔེ་མཚོན་གྱོད་གཞི།
སི་ཁྲོན་དུ་བཙུགས་པའི་ཉིན་ཧྲིལ་པོའི་སྒེར་གྲྭ་དེ་བཙུགས་པར་ཅུང་སྔ་ཞིང་། དེ་སློབ་གྲྭ་གཞན་དང་ཁྱད་པ་ཆེན་པོ་ཡོད་ས་ནི་སློབ་མ་10ཙམ་ཡོད་པའི་སྒེར་གྲྭ་དེ་རུ། གནའ་རབས་ཀྱི་གཞུང་ལུགས་སྐྱོར་ཀློག་དང་། ཁུང་ཙི་ལ་བརྩི་བཀུར། ཧྲ་འུང་གི་སྙན་ངག་སྐྱོར་ཀློག་རྩིས་རིག་དང་དངོས་ཁམས་སྦྱོང་བརྡར་བྱ་རྒྱུ་དེ་དག་སྙིང་དོན་བྱས་ཤིང་སྤོར་ཐང་དང་དགེ་ཕྲུག་གི་སྒྲིག་ལམ་སོགས་བསླབ་གཞི་བྱས་ཏེ་སློབ་མ་རྣམས་ལ་“གཞུང་ལུགས་སྐྱོར་འདོན་གྱི་སློབ་གསོ་”བྱས་པ་རེད། སློབ་མ་རྣམས་ཀྱི་ཉིན་རེའི་ལས་འགན་ནི། “མལ་ལས་ལངས་པ་དང་། ཞོགས་པར་ལུས་རྩལ་སྦྱོང་བ། དཔེ་ཆ་ཀློག་པ། རྩེད་མོ་རྩེ་བ་”སོགས་ཡིན། སྔ་དྲོ་རྒྱ་ནག་གི་སྐད་ཡིག་སྐྱོར་འདོན་བྱེད་ཅིང་། ཕྱི་དྲོ་དབྱིན་ཡིག་སྦྱོང་བ། གཞུང་ལུགས་གཞན་རྣམས་ཀྱི་ནང་དོན་མྱུར་ཚད་ལ་བལྟས་ཏེ་འཕར་སྣོན་བྱེད་པ། དཔེར་ན་བརྙན་འཕྲིན་གསར་འགྱུར་ལ་བལྟ་བ་དང་།
ལུས་རྩལ་རྩེ་བ། ཐང་རྒྱལ་རབས་ཀྱི་སྙན་ངག་གྱེར་འདོན་བྱེད་པ། ཟློས་གར་འཁྲབ་པ་ལྟ་བུ། དེས་མ་ཟད་སྒེར་གྲྭའི་སློབ་ཡོན་ཧ་ཅང་མཐོ་ཞིང་། སློབ་མ་རེ་རེའི་ལོ་རེའི་འགྲོ་གྲོན་སྒོར་ཁྲི་ཁ་ཤས་ཡིན།
2006ལོའི་ཟླ་7པར། ཁྲེན་ཏུའུ་གྲོང་ཁྱེར་སློབ་གསོ་དོ་དམ་གཙོ་གཉེར་སྡེ་ཁག་གིས་གསར་འགྱུར་སྤེལ་བ་ལས་སྒེར་གྲྭ་དེ་ཡོད་པ་ཤེས་རྗེས། མྱུར་དུ་མི་མངགས་ཏེ་དེ་ལ་ཞིབ་བཤེར་བྱས། དེ་རྗེས་ཁྲེན་ཏུའུ་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་སྒེར་གྲྭ་དེ་ཁྲིམས་འགལ་ཡིན་པའི་ངོས་འཛིན་བྱས། རྒྱུ་མཚན་ནི་འདི་ལྟར་ཏེ། གཅིག སྒེར་གྲྭ་དེར་སློབ་གསོ་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་མ་ཐོབ་པ། གཉིས། སྒེར་གྲྭ་དེ་ལ་སློབ་གྲྭ་འཛུགས་རྒྱུའི་ཆོག་མཆན་མེད་པ། “གཞུང་ལུགས་སྐྱོར་འདོན་སློབ་གསོ།”དང་འོས་འགན་སློབ་གསོའི་སློབ་ཚན་མང་པོ་དང་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་བའི་རེ་འདོད་དང་མི་མཐུན། འོས་འགན་སློབ་གསོ་ཁྲིམས་ལུགས་ཀྱི་གཏན་འབེབས་ཀྱི་དོན་ཚན་མང་པོ་དང་འགལ་བ། གསུམ། དངོས་གོང་སྡེ་ཁག་གིས་བཤེར་རྩིས་མ་བརྒྱུད་པར་གང་བྱུང་གིས་སློབ་ཡོན་མཐོན་པོ་བསྡུས་པ། དེར་བརྟེན་ཁྲེན་ཏུའུ་གྲོང་ཁྱེར་སློབ་གསོ་སྡེ་ཁག་གིས་སྒེར་གྲྭ་དེ་འཛུགས་མཁན་ལ་ཆད་གཅོད་ཡིག་ཆ་སྤྲད་དེ་སྲིད་འཛིན་ཐད་ཀྱི་ཆད་པ་བཅད། དེ་དང་མཉམ་དུ། ཁྲེན་ཏུའུའི་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་ཁྱིམ་བདག་རྣམས་ཀྱིས་གཏན་འབེབས་ལྟར་ཕྲུ་གུ་རྣམས་རྒྱལ་ཁབ་ཀྱིས་ཆོག་མཆན་སྤྲད་པའི་སློབ་གསོ་ལས་ཁུངས་ནང་བསྐྱལ་ནས་འོས་འགན་སློབ་གསོ་དང་ལེན་མ་བྱས་པའི་བྱ་སྤྱོད་དེ་ཡང་ཁྲིམས་འགལ་ཡིན་པར་ངོས་འཛིན་བྱས་སོ། །
འོན་ཀྱང་། སྒེར་གྲྭ་དེས་སློབ་གསོ་དོ་དམ་གཙོ་གཉེར་སྡེ་ཁག་གི་ཆད་པ་བཅད་པར་སྣང་མེད་དུ་བྱས་ནས་2006ལོར་སྒེར་གྲྭ་མེད་པ་བཟོས་པ་སླར་ཡང་ལྐོག་ཏུ་བཙུགས། 2009ལོའི་ཟླ་2པའི་ཚེས་6ཉིན། ཁྲེན་ཏུའུ་སློབ་གསོ་གཙོ་དོ་དམ་གཙོ་གཉེར་སྡེ་ཁག་གིས་སྒེར་གྲྭ་དེ་ལ་བཙན་བཀའ་གནངས་ཏེ་དུས་བཀག་ནང་དུ་ཡོ་བསྲང་བྱ་དགོས་པའི་བརྡ་ཡིག་སྤྲད་དེ། ཟླ་2པའི་ཚེས་10ཡི་ཕྱི་དྲོ་ཆུ་ཚོད་བཞི་དང་སྐར་མ་སུམ་ཅུའི་སྔོན་དུ་སློབ་གྲྭ་གང་མོས་བཙུགས་པའི་བྱ་སྤྱོད་མཚམས་འཇོག་དགོས་པའི་བཙན་བཀའ་གནང་བ་རེད། ཟླ་2པའི་ཚེས་9ཡི་ཕྱི་དྲོ་དུས་ཚོད་གཉིས་པའི་ཐོག་ལ་སྒེར་གྲྭ་དེའི་འགོ་ཁྲིད་སློབ་གསོ་ལས་ཁུངས་ནང་སོང་སྟེ་རེ་འདུན་ལྟར་སློབ་ཁྲིད་ཀྱི་བྱ་སྤྱོད་ཚང་མ་མཚམས་བཞག་པ་དང་དགེ་རྒན་གྱིས་འཆད་ཁྲིད་ཀྱང་བྱེད་མེད་ཚུལ་བཤད། འོན་ཀྱང་། ཟླ་2པའི་ཚེས་11ཉིན། སློབ་གསོ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ས་གནས་ངོ་མར་རྟོག་ཞིབ་བྱས་ཚེ། “སྒེར་གྲྭ་དེ་རུ་ད་རུང་སློབ་མ་དང་། ལས་བྱེད་པ་དང་དོ་དམ་མི་སྣ་ངེས་ཅན་ཡོད་ཅིང་། དགེ་རྒན་གྱིས་རྩ་འཛུགས་དང་འགོ་ཁྲིད་འོག་གི་ཐུན་མོང་གི་བྱ་འགུལ་དང་། རྒྱུན་ལྡན་གྱི་དོ་དམ་ལས་ཀ་ཡོ་བསྲང་གི་སྔོན་ལས་མངོན་གསལ་གྱི་འགྱུར་བ་མེད་པ། སློབ་འཛུགས་ཀྱི་སྒྲིག་གཞི་དང་སྒྲིག་ཆས་ད་དུང་བསྡུ་སེལ་བྱས་མེད་པས་སློབ་འཛུགས་བྱ་སྤྱོད་གྲུབ་ཆ་ཆེན་པོ་ད་རུང་ཡོད་པ་སོགས་མཐོང་།” སློབ་གསོ་ལས་ཁུངས་ཀྱིས་གནས་ཚུལ་དེ་ལ་བརྟེན་ནས་སྒེར་གྲྭ་འདིས་སློབ་འཛུགས་ཀྱི་བྱ་སྤྱོད་ད་དུང་མཚམས་འཇོག་བྱས་མེད་པར་ངོས་འཛིན། དེར་བརྟེན་སློབ་གསོ་ལས་ཁུངས་ཀྱིས་ཟླ་2པའི་ཚེས་12ཉིན་ཕྱི་དྲོ་ཆུ་ཚོད་4པའི་ཐོག་སྒེར་གྲྭ་འདི་འཛུགས་མཁན་ལ་ཆད་གཅོད་ཡིག་ཆ་བཀྲམས་ནས་སྲིད་འཛིན་ཐད་ཀྱི་ཆད་པ་བཅད། །
ཁྲིམས་རྩོད་པའི་དཔྱད་བརྗོད།
རང་རྒྱལ་གྱི་འོས་འགན་སློབ་གསོ་ཐད་ལ་གསལ་ཞིང་ཆ་ཚང་བའི་ཁྲིམས་ལུགས་ཀྱི་གཏན་འབེབས་ཡོད་པ་དེས་རང་རྒྱལ་གྱི་འོས་འགན་སློབ་གསོའི་སྤུས་ཚད་ལ་འགན་ལེན་བྱས་པ་རེད། འོས་འགན་བཅའ་ཁྲིམས་ཀྱིས་ལྷག་པར་དུ་རང་རྒྱལ་གྱི་འོས་འགན་སློབ་གསོའི་རྣམ་པ་དང་ནང་དོན། མ་ཚད་རྒྱལ་ཁབ་དང་སྤྱི་ཚོགས། ཕ་མ་རྣམས་འོས་འགན་སློབ་གསོ་ཐད་ཀྱི་འོས་འགན་དང་འགན་འཁྲི་ལ་ནན་ཞིང་གསལ་བའི་གཏན་འབེབས་བྱས་ཡོད། སློབ་གྲྭ་ནི་འོས་འགན་སློབ་གསོ་བྱ་ཡུལ་ཡིན་པས། ངེས་པར་དུ་གཤམ་གྱི་གཏན་འབེབས་ཁ་ཤས་དང་མཐུན་དགོས་ཏེ། གཅིག་ནི་སློབ་གྲྭ་ངེས་པར་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་སློབ་གྲྭ་འཛུགས་པའི་ཚད་གཞི་དང་མཐུན་དགོས། དཔེར་ན་ཚད་མཐུན་གྱི་སློབ་ཁྲིད་བྱ་ཡུལ་དང་དགེ་རྒན་སོགས་ཡོད་པ་དེས་སློབ་མ་དང་སློབ་བཟོ་རྣམས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས། གཉིས་ནི་སློབ་གྲྭ་འཛུགས་པར་ངེས་པར་དུ་རྒྱལ་ཁབ་ཀྱི་སློབ་གསོ་དོ་དམ་གཙོ་གཉེར་སྡེ་ཁག་གི་ཆོག་མཆན་འཐོབ་དགོས། རྒྱལ་ཁབ་ཀྱི་སློབ་གསོ་དོ་དམ་གཙོ་གཉེར་སྡེ་ཁག་གི་ཆོག་མཆན་མ་འཐོབ་པར་རྣམ་པ་གང་རུང་གིས་སློབ་གྲྭ་འཛུགས་པ་ཚང་མ་ནི་ཁྲིམས་དང་མི་མཐུན་པ་ཡིན། གསུམ་ནི་སློབ་གྲྭའི་སློབ་གསོ་ནང་དོན་ངེས་པར་དུ་རྒྱལ་ཁབ་ཀྱི་རེ་འདུན་དང་མཐུན་དགོས། སློབ་མའི་ཕྱོགས་ཡོངས་ནས་དར་འཕེལ་ཡོང་བ་ལ་ཕན་པ་ཞིག་དགོས་ཤིང་། སློབ་གསོའི་ཆོས་ཉིད་དང་སློབ་མའི་ལུས་སེམས་གོང་འཕེལ་གྱི་ཁྱད་ཆོས་དང་མཐུན་དགོས། སློབ་གྲྭས་སློབ་ཁྲིད་ཀྱི་ནང་དོན་དང་སློབ་ཚན་གྱི་བཀོད་སྒྲིག་མ་ཟད་ཐ་ན་བསླབ་དེབ་འདེམ་སྤྱོད་ཚང་མ་ལ་གཟབ་ནན་གྱི་རེ་འདུན་ཡོད། ངེས་པར་དུ་རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོའི་རེ་འདུན་དང་མཐུན་དགོས་པ་ལས་གང་བྱུང་གིས་སྦྱོང་ཚན་འཕྲི་སྣོན་བྱེད་མི་ཆོག སློབ་གསོ་གང་འདྲ་ཞིག་ཡོད་ན་སློབ་མ་ཡང་དེ་འདྲ་ཞིག་གསོ་སྐྱོང་བྱེད་ཐུབ་པ་ཡིན། འཇར་པན་གཡས་ཤོག་སྟོབས་ཤུགས་ཀྱིས་དུས་ཡུན་རིང་པོ་ཞིག་ནས་ཐབས་བརྒྱ་ཇུས་སྟོང་གིས་སློབ་གྲྭ་ནང་ལ་ཁོ་རང་ཚོས་རྩོམ་བསྒྲིགས་བྱས་པའི་ལོ་རྒྱུས་སློབ་དེབ་ཁྱབ་སྤེལ་གཏོང་བའི་དམིགས་ཡུལ་ནི་འཇར་པན་གྱི་ན་གཞོན་དང་གཞོན་ནུའི་ནང་དམག་རྒྱལ་རིང་ལུགས་མཛེས་བཟོ་དང་ཀྲུང་གོ་ལ་བཙན་འཛུལ་གྱི་དམག་འཁྲུག་ལོ་རྒྱུས་ལ་འཁྱོག་བཤད་བྱ་རྒྱུ་དེ་ཡིན་པ་ནི་འཇིག་རྟེན་ཐོག་གི་མི་ཚང་མས་ཤེས་གསལ་རེད། དེའི་དབང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་སློབ་གྲྭའི་སློབ་དེབ་ལྷག་པར་དུ་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭའི་སློབ་དེབ་ཚང་མ་ལ་གཟབ་ནན་གྱིས་ཞིབ་བཤེར་དང་གཏན་འབེབས་བྱས་པ་རེད།
གྱོད་གཞི་འདིའི་ནང་གཏོགས་པའི་ཁྲེན་ཏུའུ་སྒེར་གྲྭ་ག་གེ་མོ་ཞིག་དང་དེང་རབས་ཀྱི་སྒེར་གྲྭ་དེ་རྣམས་སློབ་གསོ་དོ་དམ་གཙོ་གཉེར་སྡེ་ཁག་གི་ཆོག་མཆན་མེད་པར་མ་ཟད། སློབ་ར་དང་སློབ་གསོའི་ནང་དོན་ཡང་འོས་འགན་སློབ་གསོ་དུས་ཀྱི་སློབ་མའི་ལུས་སེམས་གསལ་ཐང་དང་ཕྱོགས་ཡོངས་ནས་གོང་དུ་འཕེལ་བའི་རེ་འདུན་དང་མི་མཐུན་པ། གང་བྱུང་གིས་སློབ་མ་བསྡུ་རུབ་བྱས་ནས་ཉིན་གང་གི་ལམ་ལུགས་ཀྱི་སྒེར་གྲྭ་སློབ་གསོ་བྱས་པ་དེ་རང་རྒྱལ་གྱི་འོས་འགན་སློབ་གསོའི་འབྲེལ་ཡོད་གཏན་འབེབས་དང་རྒྱབ་འགལ་དུ་གྱུར་ཅིང་། རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་གཅིག་འགྱུར་གྱི་འཆར་འགོད་ལ་གཏོར་བཤིག་བཏང་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན་པས་ཁྲེན་ཏུའུ་སློབ་གསོ་སྡེ་ཁག་གིས་སྒེར་གྲྭ་དེ་ལ་སྲིད་འཛིན་ཐད་ཀྱི་ཆད་པ་བཅད་པ་དང་མེད་པ་བཟོ་བ་ནི་ཁྲིམས་དང་ཡོངས་སུ་མཐུན་པ་ཞིག་རེད།
ང་ཚོའི་འོས་འགན་སློབ་གསོ་ལ་གནད་དོན་འདྲ་དང་མི་འདྲ་ཡོད་སྲིད། ཡིན་ན་ཡང་སྤྱི་ཡོངས་ཐོག་ནས་བཤད་ན་ན་གཞོན་དང་གཞོན་ནུའི་ལུས་སེམས་གོང་འཕེལ་དང་འཚར་ལོངས་ཀྱི་སྲོལ་ལུགས་དང་མཐུན་ཞིང་། ཚན་རིག་གྱི་རང་བཞིན་ལྡན་པ། གཞུང་བཞི་དང་བསྟན་བཅོས་ལྔ་ཁོ་ན་སློབ་ཁྲིད་བྱེད་པའི་སྒེར་གྲྭ་དང་སྡུར་ཐབས་རྩ་བ་ནས་མེད། དེ་དང་དུས་མཉམ་དུ་རང་རྒྱལ་གྱི་བཅའ་ཁྲིམས་ནང་གསལ་པོར་གཏན་འབེབས་བྱས་ཡོད་པ་ནི་སློབ་གསོ་དང་ལེན་བྱེད་པ་དེ་རང་རྒྱལ་གྱི་སྤྱི་འབངས་ཁོ་ནའི་ཁེ་དབང་ཙམ་དུ་མ་ཟད། ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འོས་འགན་ཞིག་ཀྱང་ཡིན། ཕ་མ་ལ་ཆ་བཞག་ན་རང་གི་ན་མ་སོན་པའི་ཕྲུ་གུ་གཞུང་འཛུགས་ཀྱི་སློབ་གྲྭའམ་རྒྱལ་ཁབ་ཀྱི་སློབ་གྲྭ་འཛུགས་པའི་ཐོབ་ཐང་ལྡན་པའི་དམངས་འཛུགས་སློབ་གྲྭར་སློབ་སྦྱོང་བྱེད་སར་བསྐྱལ་ནས་རྒྱལ་ཁབ་ཀྱི་ལོ་དགུའི་འོས་འགན་སློབ་གསོ་དང་ལེན་བྱ་རྒྱུའི་འོས་འགན་ཡོད། ཕྲུ་གུ་སྒེར་གྲྭར་སློབ་སྦྱོང་བྱེད་སར་བསྐྱལ་བའི་ཕ་མ་རྣམས་དོན་དངོས་ཐོག་ལ་འོས་འགན་སློབ་གསོ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ཡང་འགལ་ཟིན་པ་རེད། དེ་དང་མཉམ་དུ་ཁྲིམས་ལུགས་ཀྱི་འགན་འཁྲི་ཡང་འོས་འཚམ་ཞིག་འཁུར་དགོས། །
ཁྲིམས་ལུགས་དོན་ཚན་གྱི་འབྲེལ་ཐག
《རྩ་ཁྲིམས།》
དོན་ཚན་ཞེ་དྲུག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ལ་སློབ་གསོ་ཐོབ་པའི་ཁེ་དབང་དང་འོས་འགན་ཡོད། རྒྱལ་ཁབ་ཀྱིས་ན་གཞོན་དང་གཞོན་ནུ། བྱིས་པ་རྣམས་ཀུན་སྤྱོད་དང་། ཤེས་རིག གཟུགས་གཞི་བཅས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་ཆེད་གསོ་སྐྱོང་བྱ་དགོས།
《སློབ་གསོའི་ཁྲིམས།》
དོན་ཚན་ཉེར་དྲུག་པ། སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་འཛུགས་དགོས་ན་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་ལྡན་དགོས།
གཅིག །རྩ་འཛུགས་ཀྱི་སྒྲིག་གཞི་དང་སྒྲིག་ཡིག་ཡོད་དགོས།
གཉིས། ཚད་ལྡན་གྱི་དགེ་རྒན་ཡོད་དགོས།
གསུམ། གཏན་འབེབས་ཀྱི་ཚད་གཞི་དང་མཐུན་པའི་སློབ་ཁྲིད་བྱེད་སའི་སློབ་ར་དང་སྒྲིག་ཆས་སོགས་ཡོད་དགོས།
བཞི། དགོས་ངེས་ཀྱི་སློབ་འཛུགས་དངུལ་རྩ་དང་གྲོན་དངུལ་གྱི་ཡོང་ཁུངས་བརྟན་པོ་ཡོད་དགོས།
དོན་ཚན་ཉེར་བདུན་པ། སློབ་གྲྭ་དང་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་གི་གསར་འཛུགས་དང་བཅོས་བསྒྱུར། མཚམས་འཇོག་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དཔྱད་ཞིབ་དང་ཆོག་མཆན་ཐོ་འགོད་དམ་གྲ་ཐོ་བཞག་པའི་འགྲོ་ལུགས་བརྒྱུད་དགོས།
《འོས་འགན་སློབ་གསོའི་ཁྲིམས།》
དོན་ཚན་གཉིས་པ། རྒྱལ་ཁབ་ཀྱིས་ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ལག་བསྟར་བྱ་རྒྱུ། འོས་འགན་སློབ་གསོ་ནི་རྒྱལ་ཁབ་ཀྱིས་ལོ་གྲངས་འཚམ་པའི་བྱིས་པ་དང་གཞོན་ནུ་ཡོད་ཚད་ལ་གཅིག་གྱུར་དུ་ལག་བསྟར་བྱས་པའི་ངེས་པར་དང་ལེན་བྱ་དགོས་པའི་སློབ་གསོ་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱིས་ངེས་པར་དུ་འགན་ལེན་བྱ་དགོས་པའི་སྤྱི་ཕན་གྱི་རང་བཞིན་ལྡན་པའི་ལས་དོན་ཞིག་ཡིན།
འོས་འགན་སློབ་གསོ་ལག་བསྟར་བྱེད་སྐབས་སློབ་ཡོན་དང་འགྲོ་སོང་ཕྲན་ཚེགས་མི་ལེན་པ།
རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོའི་གྲོན་དངུལ་འགན་ལེན་གྱི་སྒྲིག་གཞི་བཙུགས་ནས་འོས་འགན་སློབ་གསོའི་ལམ་ལུགས་ལག་ཏུ་ལེན་པར་ཁག་ཐེག་བྱེད་པ།
དོན་ཚན་བཅུ་གཅིག་པ། ལོ་དྲུག་ལོངས་པའི་བྱིས་པ་ཡིན་ཚད་ཀྱི་ཕ་མའམ་ཁྲིམས་བཀོད་ལྟ་སྐྱོང་མི་སྣ་གཞན་དག་རྣམས་ཀྱིས་སློབ་གྲྭར་བསྐྱལ་ནས་སློབ་གསོ་དང་ལེན་བྱེད་ཅིང་འོས་འགན་སློབ་གསོ་ཆ་ཚང་མཇུག་རྫོགས་པ་བྱ་དགོས། ཆ་རྐྱེན་མི་འདང་བའི་ས་ཁུལ་གྱི་བྱིས་པ་རྣམས་ལོ་འཁོར་བདུན་བར་དུ་ཕྱིར་འཐེན་བྱེད་ཆོག
དོན་ཚན་བཅུ་དྲུག་པ། སློབ་གྲྭ་འཛུགས་བསྐྲུན་བྱེད་ན་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སློབ་འཛུགས་ཚད་གཞི་དང་མཐུན་དགོས་པ་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་དགོས་མཁོ་དང་མཐུན་པ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སློབ་གནས་གདམ་སེལ་གྱི་རེ་འདུན་དང་འཛུགས་བསྐྲུན་གྱི་ཚད་གཞི་དང་མཐུན་པར་བྱས་ནས་སློབ་མ་དང་སློབ་བཟོ་རྣམས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་དགོས།
དོན་ཚན་སུམ་ཅུ་སོ་དགུ་པ། རྒྱལ་ཁབ་ཀྱིས་སློབ་དེབ་ལ་ཞིབ་བཤེར་དང་གཏན་འབེབས་བྱ་རྒྱུའི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན། སློབ་དེབ་ཀྱི་ཞིབ་བཤེར་དང་གཏན་འབེབས་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་སྲིད་འཛིན་སྡེ་ཁག་ནས་གཏན་འབེབས་བྱ་རྒྱུ། ཞིབ་བཤེར་དང་གཏན་འབེབས་བྱས་མེད་པའི་སློབ་དེབ་དཔེ་སྐྲུན་དང་བདམས་སྤྱོད་བྱེད་མི་ཆོག །
典型案例
四川某“全日制私塾”创办较早,与人们印象中的学校大不同的是,这家“私塾”只有十名学生,以“读经典,尊孔孟,送莎翁,演数理”为宗旨,以《易经》《弟子规》《论语》等为教材,对学生实行“读经教育”。学生每天的任务就是“起床、晨跑、齐读、分读、游戏、抽查、录音考试”等。上午阅读中文,下午阅读英文,其余经典内容根据进度增加,如看电视新闻,做运动、唱唐诗、表演戏剧。而且,学费高昂,每名学生一年费用高达几万元。
2006年7月,成都市教育主管部门从媒体报道中知道了该私塾的存在后,立刻派人进行了检查。随后,成都市委认定该全日制私塾为违规办学:一是该私塾未经教育部门审批;二是该私塾未获得办学许可,“读经教育”与义务教育多学科,全面发展的要求不相符,违反了义务教育法的多项规定;三是未经物价部门审核,擅自收取高昂学费。因此,成都市教育部门向该私塾创办人下发了处罚决定,对其实施行政处罚。同时,成都教育主管部门认定,这些家长未按规定把子女送到经国家批准的教育机构接受义务教育,也已构成违法。
然而,该私塾却无视教育主管部门的处罚决定,2006年被取缔后却又悄悄开办。2009年2月6日,成都当地教育局(以下简称教育局)向该私塾送达《责令限期改正通知书》,责令其于2月10日16时30分前,停止擅自办学的行为。2月9日下午2时许,该机构法人前往教育局表示已按照要求停止了一切教学活动,老师不再授课讲经。就在2月11日,教育局工作人员实地走访时,发现“该私塾内仍有一定数量的学生、工作及管理人员,还存在教师带领下的集体活动,日常管理工作较改正前仍无明显变化,办学设施设备仍无清理,构成办学行为的几大要素依然存在”。教育局以此判断,这家私塾并未停止办学行为,鉴于此,教育局于2月12日下午4时,向该机构创办人下发处罚决定,对其实行行政处罚。
律师评点
我国对义务教育有明确而完备的法律规定,以保证我国义务教育的质量。《中华人民共和国义务教育法》(以下简称《义务教育法》)更对我国义务教育的形式、内容以及国家、社会和父母在义务教育方面的义务与责任做出了严格而明确的规定。学校作为义务教育的场所,必须符合以下几方面的规定:一是学校要符合国家规定的办学标准,比如要有合格的教学场所,合格的教师等,以确保教师和教职工的安全。二是学校必须经过教育主管部门批准,未经国家教育主管部门批准,任何办学形式都是违法的。三是学校的教育内容必须符合国家要求,应当有利于学生的全面发展,符合教育规律和学生的身心发展的特点。学校对于教学内容,课程的设置乃至教材的选用有严格的要求,必须符合国家对义务教育的要求,不能随意开设或不开设哪些课程。什么样的教育内容就能培养出什么样的学生。日本右翼势力长久以来极力想在学校推行他们所编撰的历史教科书的目的就是在日本青少年中美化军国主义,歪曲侵华战争的历史,这一是世人皆知的,正因为如此,世界各国教育主管部门对学校教材特别是义务教育阶段的学校教材加以严格审定。
而所谓的包括本案中成都某私塾在内的现代私塾,既没经过教育主管部门的审批,教学场所和教育内容也不符合义务教育阶段学生身心健康和全面发展的要求,擅自招收学生实行全日制的私塾教育,显然违反了我国《义务教育法》的相关规定,破坏了国家对义务教育的统一规划。因此,成都市教育主管部门对该私塾进行处罚和取缔是完全合法的。
也许我们的义务教育存在这样和那样的问题,但整体来说是符合青少年身心发展的规律的,也比较科学的,是那些只教四书五经无法比拟的。同时我国法律也明确规定,接受教育不仅是我国公民的权利,也是法定的义务。作为父母,有义务将自己未成年的小孩送到公立学校或符合国家办学资格的学校上学,接受国家九年制义务教育。那些将小孩送往私塾学习的父母们,实际上也已经违反了《义务教育法》的规定,同样要承担相应的法律责任。
法条链接
《中华人民共和国宪法》
第四十六条 中华人民共和国公民有接受教育的权利和义务。国家培养青年、少年、儿童在德智体美等方面全面发展。
《中华人民共和国教育法》
第二十六条 设立学校及其他教育机构,必须具备下列基本条件:
1.有组织机构和章程;
2.有合格的教师;
3.有符合规定标准的教学场所及设施,设备;
4.有必备的办学资金和稳定的经费来源。
第二十七条 学校及其他教育机构的设立、变更和终止、应当按照国家有关规定办理审核、批准、注册或者备案手续。
《中华人民共和国义务教育法》
第二条 国家实行九年义务教育制度。
义务教育是国家经费保障机制,保障义务教育制度实施。
第十一条 凡年满六周岁的儿童,其父母或者其他法定监护人应当送其入学接受并完成义务教育;条件不具备的地区的儿童,可以推迟到七周岁。
第十六条 学校建设,应当符合国家规定的办学标准,适应教育教学的需要,应当符合国家规定选址要求和建设标准,确保学生和教职工安全。
第三十九条 国家是经教科书审定制度。教科书的审定办法由国务院教育行政部门规定。
未经审定的教科书,不得出版、选用。
关于义务教育的案例与解读(一)
(注:该文摘自西南民族大学益西邓珠教授主持的中央高校基本科研业务费专项资金项目少数民族双语普及项目《现代法律知识汉藏翻译与普及》成果)