LOGOཇུས་འགོད།
LOGO设计
ལོ་ངོ་བཅུ་དང་ཉི་ཤུའི་ཡར་སྔོན་ཞིག་ལ། འབྲོག་མོ་ཞིག་གི་ལག་པས་འོ་མ་བཞོ་ཤེས་པ་དང་ལྕི་བ་འཐུ་ཤེས་པ་ལས་སྒྱུ་རྩལ་དང་ལྷག་པར་དེང་རབས་ཀྱི་རྩིས་འཁོར་སོགས་བཀོལ་ཏེ་ཇུས་འགོད་བྱེད་ཤེས་པ་ནི་མི་མང་པོ་ཞིག་དང་ལྷག་པར་དུ་བོད་པ་མང་པོ་ཞིག་གི་བློ་ཡིད་ལས་འགོངས་པའམ་ཅུང་ཐེ་ཚོམ་ཅན་གྱི་དྲི་བ་ཞིག་ཡིན་ངེས། དེ་ནི་བོད་ཀྱི་བུད་མེད་ཚོར་སྲོལ་རྒྱུན་གྱི་འཆིང་རྒྱ་དང་སློབ་སྦྱོང་གི་གོ་སྐབས་དབེན་པ་སོགས་ཕྱི་ནང་གི་རྐྱེན་མང་པོ་ཞིག་ལ་རག་ལས་ཡོད།
LOGOཇུས་འགོད།
LOGO设计
དུས་རབས་ཉེར་གཅིག་པའི་དེ་རིང་། ཕ་ཡུལ་ཨ་རིག་ནས་ཡིན་པའི་འབྲོག་མོ་སངས་རྒྱས་མཚོས་གྲོང་ཁྱེར་གྱི་ཁང་བརྩེགས་ནང་དུ་དེང་རབས་ཀྱི་ལག་ཆ་དག་བཀོལ་ཏེ་རང་ཉིད་ཀྱི་བསམ་གཞིག་དང་ཚོར་བ་དག་བབ་ཆགས་དང་གོ་བདེ་བའི་རི་མོ་དང་ཚོན་རིས་ལ་རྒྱུས་ཏེ་ཕྱི་ལ་བཀྲམ་བཞིན་ཡོད། དེ་ནི་དུས་རབས་འདི་དང་མི་ཚེ་འདིས་མོ་རང་ཉིད་ལ་བགོས་པའི་ལས་འགན་ཞིག་ཡིན་ཡང་སྲིད། སངས་རྒྱས་མཚོའི་འཚོ་བའི་ཁྲོད་ན་ཐ་སྙད་གསུམ་ཡོད་དེ། ནགས་ཚལ་དང་ལྗོངས་རྒྱུ། ཇུས་འགོད་གསུམ་ཡིན། གལ་ཏེ་ཕ་ཡུལ་ནགས་ཚང་ནི་རྒྱང་རིང་གི་ས་མཐའ་དེ་ཡིན་ན། ཤོག་ངོར་ཕབ་པའི་ཚོན་མདོག་གི་རི་མོ་རེ་རེ་ནི་མོ་རང་རྒྱང་རིང་ནས་ཕྱིར་ཕ་ཡུལ་ལ་ཆས་ཐེངས་ཤིག་ཡིན། དཔེ་ཀློག་དང་ལྗོངས་རྒྱུ་ནི་མོས་རང་ཉིད་ལ་གདམ་པའི་མི་ཚེའི་འདིའི་ལེགས་སྐྱེས་རྩ་ཆེན་དེ་ཡིན། སངས་རྒྱས་མཚོས་བཤད་ན་མོ་རང་ད་དུང་ལམ་ན་ཡོད་ཟེར། ཕ་ཡུལ་ནས་རྒྱང་ལ་ཆས་པའི་ལམ་དང་སླར་ཡང་རྒྱང་རིང་ནས་ཕྱིར་ལོག་པའི་ལམ་ན་ཡོད་ཟེར། །
桑吉措,1989年生于青海省海北藏族自治州祁连县,2009年考入西北民族大学新闻传播学院广告专业,2013年就职于藏人文化网,担任记者,视频剪辑,平面设计等职位,2015年在TBT途播未来广告公司担任平面设计,2017年在迦入工作空间担任平面设计,目前是一名自由平面设计师。