སྒྲུབ་གནས་བྱེ་བ་རྟག་རྩེ། “斜瓦达孜”修行地
བརྒྱད་ཟིལ་རྫོང་ནི་དཀར་མཛེས་ཁུལ་གྱི་ཤར་ལྷོ་ཕྱོགས་དང་། གངས་དཀར་རི་བོའི་ལྷོ་ནུབ་ཕྱོགས་ན་ཆགས་ཡོད། ཤར་གྱི་ཕྱོགས་སུ་ལའང་ཧྲན་རང་སྐྱོང་ཁུལ་གྱི་མུ་ལི་རྫོང་དང་། བྱང་ཤར་དུ་གཡག་རྔ་་ས་ཁུལ་གྱི་སེར་མིན་རྫོང་བཅས་དང་ས་མཚམས་འབྲེལ་ཡོད། རྫོང་ཡོངས་ལ་བོད་རིགས་དང་། རྒྱ་རིགས། དབྱིས་རིགས་བཅས་མི་རིགས་གསུམ་པོ་དེ་གཙོ་བོ་ཡིན། གནས་མཆོག་བྱེ་བ་རྟག་རྩེ་ནི། རྫོང་མི་དམངས་སྲིད་གཞུང་ཆགས་གནས་དཀར་ཤང་ཐང་ནས་ཤར་ལ་སྤྱི་ལེ་70ཙམ་གྱིས་མཚམས་ཤར་ཁ་གྲོང་ཚོ་སྐྱིད་པ་གྲོང་ཁོངས་སུ་འགྱིང་ངེར་གནས། ཤང་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ་གཉིས་ལ་བོད་རིགས་དང་། རྒྱ་རིགས། དབྱིས་རིགས་བཅས་འདུས་ལ། གནའ་དུས་ལྕགས་ལ་རྒྱལ་པོའི་ཁོངས་སུ་ཡིན། འདིར་རྩྭ་ཆུ་འབེལ་ཞིང་། འབྲོག་ས་ལེགས་པས་བརྒྱད་ཟིལ་ནོར་ཟོག་ཅེས་པའི་ཕྱུགས་ལས་ཆེས་དར་ས་དང་། གདོད་མའི་ནགས་ཚལ་སྟུག་པོ་དང་།
གངས་དང་། གངས་མ་འཁྱགས། མཚེའུ། རྩྭ་ཐང་སོགས་ས་དབྱིབས་འདྲ་མིན་སྣ་ཚོགས་ཡོད་པས་སྤྱི་ལོ་1997ལོར་གངས་དཀར་རི་བོ་དང་དེའི་ཕྱོགས་བཞིའི་རི་ངོས་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཡུལ་ལྗོངས་ཀྱི་གྲས་སུ་ཚུད་ཐུབ་པ་ནས་བཟུང་ད་བར་གནས་མཆོག་ཞིག་ཏུ་བརྩིས་ཏེ་རྒྱུན་འཛིན་དང་སྲུང་སྐྱོང་བྱས་དང་བྱེད་བཞིན་པའོ། །
དེའང་གནས་མཆོག་བྱེ་བ་རྟག་རྩེའི་དཀར་ཆག་ལས། །རིག་འཛིན་མཁའ་འགྲོ་བྱེ་བ་རྟག་ཏུ་གནས། །དེ་བས་གནས་ལ་བྱེ་བ་རྟག་རྩེར་གསོལ༔ །ནམ་ཞིག་ཐོ་རངས་མདུན་གྱི་ནམ་མཁའ་ལ། །འཇའ་ཚོན་ལང་ལིང་བཀྲ་བའི་དབུས་དཀྱིལ་དུ། །མཁའ་འགྲོ་སྔོན་མོ་བེེཌཱུ་དྭངས་པའི་མདོག །རིན་ཆེན་རྒྱན་སྤྲས་ཕྱག་གཡས་མེ་ལོང་བསྣམས། །སྐུ་ལ་རྨ་བྱའི་ཐུལ་པ་ལྷབ་ལྷུབ་མནབས། གཡོན་པས་བདུད་རྩིའི་བུམ་པ་བཅུད་ལྡན་བསྣམས། །ཞབས་ཀྱི་གར་སྟབས་བསྒྱུར་ཅིང་དགྱེས་པའི་ངང་། །གྲོགས་ཀྱི་ཚུལ་དུ་སྙན་པའི་གླུ་དབྱངས་ཀྱིས། །
ཨ་ཧོཿ ཉོན་དང་སྐལ་ལྡན་ལས་ཀྱི་སྨོན་ལམ་ཅན༔ བདག་ནི་མཁའ་སྤྱོད་རིག་འཛིན་ཚོགས་གྲལ་ནས༔ གསང་དམ་ལྡན་ལ་ལུང་བསྟན་བྱེད་དུ་འོང༔ སྦས་པའི་གནས་ཆེན་བྱེ་བ་རྟག་རྩེ་ཡི༔ ཕྱི་ནང་གསང་བའི་ལོ་རྒྱུས་ཐོག་མཐའ་བར༔ ཡོད་པ་ཡིན་འདི་མ་བརྗེད་སེམས་ལ་ཟུངས༔ ཐོག་མར་གནས་འདིར་གདུག་པ་ཀླུ་སྲིན་བཙན༔ མི་མིན་སྡེ་བརྒྱད་དྲེགས་པའི་དཔུང་ཚོགས་ཀྱིས༔ མ་རིག་འགྲོ་བ་སེམས་ཅན་ཐམས་ཅད་ལ༔ ཉིན་མོ་བྲན་འཁོར་བྱེད་ཅིང་བསླུ་གྲོགས་སྡོང༔ མཚན་མོ་རང་གཟུགས་བསྟན་ནས་ཚེ་སྲོག་རྐུ༔ མི་འདོད་ནད་དང་སྨྱོ་འབོག་སྣ་ཚོགས་བཏང༔ ལོ་ཉེས་ཕྱུགས་རླག་གནོད་པ་སྣ་ཚོགས་སྐྱེལ༔ འགྲོ་བ་མི་བདེ་སྡུག་བསྔལ་ལས་ཀྱིས་མནར༔ དེ་ཚེ་འཆི་མེད་དྲན་པ་ཡབ་སྲས་གསུམ༔ ཕྱོགས་ཕྱོགས་གནས་ཀྱི་འགྲོ་དོན་བྱེད་པའི་ཚེ༔ འགྲོ་བ་སེམས་ཅན་ཉམ་ཐག་དོན་ཆེན་དུ༔ ཐུགས་ཉིད་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཐུགས་རྗེ་དབང་དྲག་འབར་བའི་ཁྲོ་བོ་རྗེ༔ གཙོ་མཆོག་མཁའ་འགྱིང་ཞལ་གསུམ་ཕྱག་དྲུག་པ༔ རྔམ་མོ་ཡུམ་འཁྲིལ་དྲག་རྩལ་ཐོག་ལྟར་འབབ༔ ཀླུ་སྲིན་སྡེ་བརྒྱད་མ་མོ་དྲེགས་པའི་ཚོགས༔ རྫུ་འཕྲུལ་རྩལ་གྱིས་དབང་བསྡུས་ཟིལ་གྱིས་གནོན༔ ཅི་གསུངས་ཁས་བླང་བསྟན་སྲུང་དམ་ལ་བཞག༔ གནས་སུ་བྱིན་རླབས་འགྲོ་བའི་དོན་ཆེན་མཛད༔ མངོན་སུམ་མི་འགྱུར་བཀའ་རྟགས་དུ་མ་དང་༔ ཁྱད་པར་འཕགས་པའི་རང་བྱུང་མཆོད་རྟེན་ཆེ༔ མི་མིན་ལྷ་འདྲེ་དྲེགས་པས་ཐོགས་མེད་བཞེངས༔ ཡབ་སྲས་གསུམ་གྱི་ཤེལ་དཀར་བྱིན་གྱིས་རླབས༔ ལྷ་དང་མི་དང་ཀླུ་སོགས་མཆོད་པའི་རྟེན༔ ཞལ་དྲོ་མངའ་དབུལ་བཀྲ་ཤིས་གསོལ་བ་མཛད༔ དེ་བཞིན་གནས་དེའི་སྦྱི་བོར་ཞི་ལྷ་དང་༔ མགྲིན་པ་ཡི་དམ་ཐུགས་ཀར་མཁའ་འགྲོ་དང༔ ལྟེ་བ་བོན་སྐྱོང་སྲུང་མའི་བཀོད་པ་བཀྲ༔ རྩ་བ་ཀེང་ཆེན་ལས་བྱེད་སྤྲིན་ལྟར་གཏིབས༔ གཡས་ཕྱོགས་རྡོ་བ་སེང་གེ་འདྲ་པ་ལ༔ བཱེེ་རོ་ཙ་ནའི་ཞབས་རྗེས་གསལ་བར་ཡོད༔ གཡོན་ཕྱོགས་རྡོ་བ་མ་ཧེ་ཉལ་འདྲ་ལ༔ འགྲོ་མགོན་ཚེ་དབང་རིག་འཛིན་ཞབས་རྗེས་ཡོད༔ རང་བྱུང་མཆོད་རྟེན་ཤེལ་ལྟར་གྲུབ་པ་ལ༔ ཚེ་དབང་རིག་འཛིན་སྐུ་གསུང་ཐུགས་རྟེན་ཡོད༔ མདུན་དུ་རྡོ་བ་བམ་རོ་འདྲ་བ་ལ༔ ལྷ་མོ་ཡེ་ཤེས་དབལ་མོའི་ཞབས་རྗེས་ཡོད༔ ཕྱོགས་བཞི་མཚོ་ཆེན་བཞི་ལ་སྨན་མོ་བཞིའི༔ ཀླུ་ཆེན་རིགས་ལྔའི་གནས་ལ་མཆོད་ཁྲུས་གསོལ༔ རྒྱབ་ཕྱོགས་ཕ་ཝོང་གླང་པོ་འགྱིང་འདྲ་ལ༔ གོ་ཁྲབ་མཚོན་ཆ་སྣ་ཚོགས་གཏེར་ཀ་ཡོད༔ ཆུ་བྲག་ཁ་འཐབ་གསང་བའི་ལུང་པ་ལ༔ ཚེ་དབང་རིག་འཛིན་སྒྲུབ་ཕུག་ཉམས་དགའ་བར༔ ཡི་གེ་དཔའ་བོ་འབྲུ་ལྔའི་རང་བྱོན་ཡོད༔ བྲག་རི་དཀར་པོ་གུར་ཆེན་ཕུབ་འདྲ་ལ༔ བདུད་རྩི་ཚེ་ཡི་བུམ་པ་རང་བྱོན་ཡོད༔ ཤུག་ཆེན་ལོ་བཟང་དྲི་ཞིམ་དད་ལྡན་ལ༔ མཁའ་འགྲོའི་བྲོ་ར་ཞབས་ཀྱི་སྤོ་རྗེས་ཡོད༔ སྟག་གཟིག་གྱེན་ལ་རྒྱུག་འདྲའི་བྲག་དམར་ལ༔ ཚེ་བསྲིང་སྡིག་སྒྲིབ་འདག་པའི་ཆུ་མིག་ཡོད༔ འབྲུག་སེང་རྔམས་པ་འདྲ་བའི་བྲག་ནག་ལ༔ འཇམ་དཔལ་གཤིན་རྗེ་དམར་པོའི་གཏེར་ཁ་ཡོད༔ བྲག་རི་འཇའ་ཚོན་སྤུངས་འདྲའི་རི་བོ་ལ༔ སྐུ་གསུང་ཐུགས་རྟེན་རང་བྱོན་གསལ་བར་ཡོད༔ ཆུ་སྲིན་ཁྲོས་མ་འདྲ་བའི་བྲག་ནག་ལ༔ དགོས་འདོད་མ་ལུས་འབྱུང་བའི་ནོར་བུ་ཡོད༔ བཙུན་མོའི་ནུ་མ་འདྲ་བའི་ཕ་ཝོང་ལ༔ རྩ་དཀར་རིགས་རྒྱུད་འཕེལ་བའི་ཆུ་མིག་ཡོད༔ རི་བྲག་ལྗོན་ཤིང་ཕྱུག་བའི་ས་མཚམས་སུ༔ ཚེ་དབང་རིག་འཛིན་བྱིན་གྱིས་རླབས་པ་ཡིས༔ གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཁྱད་འཕགས་ཡོད༔ རྩ་བ་ཀླུ་རྒྱལ་མ་དྲོས་གནས་སུ་ཟུག༔ ཀླུ་ཆེན་བརྒྱད་ཀྱིས་ནོར་ལྟར་གཙུག་ཏུ་བཀུར༔ རྩེ་མོ་ལྷ་དང་མི་ཡི་ཞིང་དུ་མངོན༔ མཆོད་པའི་རྟེན་དང་ཡུལ་གྱི་ཕུད་དུ་གྱུར༔ ཉིན་མོ་ལྷ་དང་མི་ཡིས་བསྐོར་བར་བྱེད༔ མཚན་མོ་མི་མིན་ལྷ་འདྲེས་བསྐོར་བར་བྱེད༔ མཆོད་རྟེན་འདི་ལ་བསྐོར་བ་བརྒྱ་བྱ་ན༔ སྐྱེ་བ་རེ་རེའི་སྡིག་སྒྲིབ་དག་པར་གྱུར༔ མཆོད་རྟེན་འདི་ལ་མཆོད་འབུལ་བསྟོད་བགྱི་ན༔ ཕྱི་མ་དག་པའི་མི་ལུས་ངེས་ཐོབ་འགྱུར༔ མཆོད་རྟེན་འདིའི་རྩར་སྒོམ་སྒྲུབ་སུས་བགྱིས་ན༔ ཐུན་མོང་དངོས་གྲུབ་འབད་མེད་ཐོབ་པར་འགྱུར༔ མཆོད་རྟེན་འདི་ལ་ཕྱག་འཚལ་གསོལ་བཏབ་ན༔ མཚམས་མེད་ལྔ་ཡི་སྡིག་སྒྲིབ་དག་པར་འགྱུར༔ ཁྱད་པར་རང་བྱུང་མཆོད་རྟེན་གཡོན་ཟུར་ན༔ ཚེ་དབང་རྣམ་ཐར་སྐུ་གསུང་ཐུགས་རྟེན་དང༔ བཱེེ་རོའི་ཕྱག་རྗེས་གཡུང་དྲུང་གཡས་འཁྱིལ་བཅས༔ བརྡའ་རྟགས་མི་འགྱུར་གསལ་ལ་དོད་པ་ཡོད༔ སྐལ་ལྡན་བུ་ཡིས་སྙིང་ལ་དམ་པར་ཟུངས༔ བདག་གིས་གྲོགས་མཛད་དངོས་གྲུབ་སྣ་ཚོགས་སྩལ༔ ཞེས་དང་མ་འོངས་ལུང་བསྟན་དུ་མ་གསུངས༔ ཡང་ཞིག་མཁའ་འགྲོ་མཐིང་སྔོན་དེའི་ཕྱག་ནས༔ བདུད་རྩིའི་ཐོད་ཞལ་སྩལ་ནས་འདི་སྐད་གསུང་༔ ཅེས་སོགས་མཁའ་འགྲོའི་བརྡའ་བསྟན་ནས༔ མི་གཡོ་ནམ་མཁའི་ཀློང་དུ་ཡལ༔ ཞེས་པ་ལུང་བསྟན་དཀར་ཆག་འདི། །གྲོགས་འགས་བསྐུལ་ཕྱིར་གཏེར་བདག་པོ། །རིག་འཛིན་ཚེ་དབང་ནོར་བུ་ཡིས། །ཤར་རྫའི་དབེན་གནས་རི་ལ་བྲིས། །ཞེས་པའི་ཡིག་རྙིང་འདྲ་མིན་གཉིས་ལག་འབྱོར་བྱུང་བ་དང་། ཁོ་བོ་གནས་ནང་དུ་སོང་སྟེ་གནས་ཡིག་དང་བསྟུན་ནས་ར་སྤྲོད་ཁུངས་འཆོལ་བྱས་ལ། རྫོང་ནང་བསྟན་འཐུས་ཚོགས་ཀྱི་ཚོགས་གཙོ་སྤྲུལ་སྐུ་ཆོས་འོད་ཚེ་རིང་དང་། གནས་ནང་གི་བན་རྒན་ཨ་རྡོར་རྣམ་གཉིས་ཀྱི་མོས་མཐུན་ལྟར་འདི་བྲིས་ཏེ་བཀོད་པའོ། །
གནས་མཆོག་བྱེ་བ་རྟག་རྩེའི་གནས་ཕྱི་ནང་གི་སྣ་མང་སྐྱེ་ཁམས་ནི་མཐོ་བོད་ས་མཐོའི་རི་ཆུར་ཞིབ་འཇུག་བྱ་བའི་ལས་གཞིར་མེད་དུ་མི་རུང་བའི་གལ་ཆེ་བའི་སྲུང་སྐྱོང་གི་རིང་ཐང་དང་། ཚན་རིག་ཞིབ་འཇུག་གི་རིན་ཐང་བཅས་ཡོད་པ་མ་ཟད། དེར་ཡོད་པའི་་ཁྱད་མཚར་བའི་རང་བྱུང་གི་རི་དབྱིབས་དང་། ཡུལ་ལུང་གི་མཛེས་ལྗོངས་སོགས་ནི་རྒྱལ་ཕྱི་ནང་གི་ཡུལ་སྐོར་སྤྲོ་སྐྱིད་བྱ་སའི་གནས་མཆོག་དམ་པའང་ཡིན། །
“斜瓦达孜”圣地,位于甘孜九龙县斜卡乡雪洼村,离九龙县城仅有100公里左右。“斜卡”系藏名,因地处九龙县城的东方而得名。“斜瓦达孜”藏文音译,其意是此圣地雪山顶上常居住千万名持明空行修持而的名。我们根据内容大体相同的两篇藏文《圣迹志》核实了其中所述自然显现的文字,自然形成的佛塔、佛经以及仁增泽旺洛布等的遗迹等。我们通过游览了发现,这些海拔三千米以上,罕有树木生长。夏末峰顶也有积雪,山峰怀抱的盆地里散落着星罗棋布的水洼。积雪融化在石碎中汇成沿着水谷而下的大小山溪,溪流在谷底汇集,涌出谷口,就已经是一条不大不小的河流。这里珍稀野生动植物及原始森林资源十分丰富。这种自然风景在世界范围内稀有,具有极其重要的保护和科研价值,对维护长江上游生态安全起到重要作用