འཕེལ་རྒྱས་ཀྱི་ཆུ་རྒྱུན་ཁྲོད་འཚར་ལོངས་བྱུང་བའི་འབོ་ཞབས་གྲོང་རྡལ།
2018ལོའི་ཟླ་11པའི་ཚེས23ཉིན། གསར་འགོད་པ་དཀར་མཛེས་ཁུལ་གྱི་སྐད་གྲགས་ལྡན་པའི་ཡུལ་སྐོར་ས་ཁུལ་འབོ་ཞབས་གྲོང་རྡལ་དུ་སླེབས་སྐབས། ལོ་རྒྱུས་ཀྱི་རིག་གནས་ཕུན་སུམ་ཚོགས་པའི་ས་གཞི་ཡངས་པོ་དང་། མཛེས་ཤིང་ལྟ་ན་སྡུག་པའི་སྐྱེ་ཁམས་ཁོར་ཡུག །ཡུལ་མིའི་སེམས་པ་སྤྲོ་ཞིང་འགྲོ་འོང་བྱེད་མཁན་ཚོས་ཡིད་སྨོན་སྐྱེས་འོས་པའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་རྡལ་གྱི་འཕེལ་རིམ་ལ་རྒྱུས་ལོན་བྱས་པ་ཡིན།
སྔོན་མ་ས་ཆ་འདིར་མི་མང་ཞིང་ས་ཞིང་ཉུང་བར་མ་ཟད་འགྲིམ་འགྲུལ་སྟབས་མི་བདེ་བས། གྲོང་མི་ཚོས་ས་ཞིང་ཙམ་འདེབས་པར་བརྟེན་ནས་འཚོ་གནས་བྱ་དགོས་བཞིན་ཡོད་པས་ན། དུད་ཚང་རེའི་ཡོང་འབབ་དམའ་བས་ཁྱིམ་ཚང་གི་འཚོ་བ་སྐྱེལ་ཐབས་བྲལ་བ་རེད། འཚོ་བའི་ཆེད་དུ་མི་མང་པོ་ཞིག་ཕ་ཡུལ་དང་བྲལ་ནས་ཕྱི་ཡུལ་དུ་གླ་རྒྱག་སར་འགྲོ་དགོས་པ་རེད། ཡུལ་སྐོར་གསར་སྤོར་བྱས་རྗེས་གྲོང་མི་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཏུ་ཕྱིན་པར་བརྟེན། དེང་སང་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་སྦྲགས། ཉེ་འཁོར་དུ་ཡོད་པའི་གྲོང་མི་ལ་ལས་ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་པ་དང་། ལ་ལས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་ནས་ཚང་མ་རྒྱང་རིང་དུ་འགྲོ་མི་དགོས་པར་རང་གི་སྒོ་ཁར་གླ་རྒྱག་ཆོག་པས་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་པ་རེད་ཅེས་འབོ་ཞབས་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལུའོ་ཆན་ཧྭ་ཡིས་དེ་ལྟར་བཤད།
1988ལོར་དུང་དཀར་ལུང་པ་དེ་རྒྱལ་ཁབ་རིམ་པའི་སྐད་གྲགས་ལྡན་པའི་མཛེས་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་འཁྱག་ཀླུང་སྤྱི་གླིང་གི་གྲས་སུ་བཞག ། 1995ལོའི་ཟླ་5པར་དུང་དཀར་ལུང་པའི་ཡུལ་སྐོར་གུང་སེང་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་གཉེར་བྱས་པ་རེད། 2003ལོའི་ཟླ་6པར་དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ལས་ཁུངས་ཀྱིས་ཡང་བསྐྱར་བཅོས་བསྒྱུར་བྱས་ཏེ་དཀར་མཛེས་ཁུལ་དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་འཛུགས་གཉེར་བྱས་པ་རེད། དེ་ནས་དགོས་འདོད་ཀུན་འབྱུང་གི་ནོར་བུ་ལྟ་བུའི་ས་གནས་འབོ་ཞབས་ཀྱི་འཛུགས་སྐྲུན་བྱེད་པའི་གོམ་སྟོབས་ཇེ་མགྱོགས་སུ་བཏང་བ་རེད།
ཉེ་བའི་ལོ་ཤས་རིང་དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཏང་ཨུ་དང་འབོ་ཞབས་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་མུ་མཐུད་དེ་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུའི་ལས་ཀ་འཐུས་སྒོ་ཚང་དུ་བཏང་ཞིང་ཆ་ཚང་སྒྲིག་པའི་ཞབས་ཞུའི་ནུས་པ་མཐོ་རུ་བཏང་བ་དང་། གྲོང་རྡལ་དེར་ཁྱོན་ཡོངས་དང་ཚད་མཐོན་པོའི་སྒོས་བསྒྱུར་བཀོད་བྱས་ནས་སི་ཁྲོན་ནུབ་རྒྱུད་ཀྱི་བཟོ་བཀོད་ཉམས་འགྱུར་དང་མཐའ་སྐོར་དུ་ཡོད་པའི་རང་བྱུང་གི་རི་ཆུའི་ཡུལ་ལྗོངས་ཀྱིས་མཛེས་ཆས་སྤྲས་ནས་གྲོང་རྡལ་གྱི་མཆོར་ཉམས་དེ་བས་མངོན་ཐུབ་པ་དང་། སྤྲོ་གསེང་དང་ལྟ་སྐོར་བྱེད་སའི་རྐང་ལམ་ཕྲ་མོ་བསྐྲུན་རྒྱུ་དང་། ཆུ་དང་ཉེ་བར་བཅར་སའི་ལས་སྟེགས་གསར་སྐྲུན་བྱ་རྒྱུ། ཆུའི་གྲུབ་ཆ་བཅོས་སྐྱོང་། ཆུ་རགས་འཛུགས་སྐྲུན། ཆུ་འགྲམ་ལྗང་འགྱུར་སོགས་ཀྱི་བཅོས་སྐྱོང་ལས་ཀ་སྤེལ་ནས་ཡུལ་མི་དང་ཡུལ་སྐོར་ཡོང་མཁན་ཚོར་མཛེས་ཤིང་གཙང་སྦྲ་ལྡན་པའི་ཡུལ་ཁམས་ཤིག་བསྐྲུན་ཡོད། གློག་འདྲེན་སྐུད་ལམ་ས་འོག་ཏུ་སྦས་པའི་ལས་ཀར་སྐུལ་འདེད་བཏང་ནས་གྲོང་རྡལ་དུ་རིམ་བཞིན་གློག་ཀ་མེད་པ་བཟོ་བ་དང་། མང་ཚོགས་ཀྱི་ངལ་གསོ་ཐང་ཆེན་དང་ཡུལ་སྐོར་ཞབས་ཞུ་ལྟེ་གནས་སོགས་གསར་འཛུགས་བྱས་པ་རེད།
མིག་སྔའི་བར་དུ་འབོ་ཞབས་གྲོང་རྡལ་གྱི་ལྷུན་པོའི་རྒྱལ་པོ། ཁུག་ཀྱོག་ཆེན་མོ། ཆུ་ཁྲོམ་འཇུག་སྒོ། བྲག་རིའི་གླིང་ག་སོགས་མཛེས་ལྗོངས་ཀྱི་ཨར་ལས་ལེགས་གྲུབ་བྱུང་ཟིན་པ་རེད། གྲོང་རྡལ་དེའི་རྣམ་པ་བསྒྱུར་བཀོད་དང་མཚོན་རྟགས་ཨར་ལས། མཛེས་ལྗོངས་ལ་ལྟ་ས་དང་གདུང་འདེགས་འཕྲང་ལམ་སོགས་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་14800.00བཏང་ཞིང་ལེགས་གྲུབ་བྱུང་ཟིན།
ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་ཐབས་བྱེད་མཁན་གྱི་མི་རབས་གསར་པ།
2018ལོའི་ཟླ་11པའི་ཚེས་24ཉིན། གསར་འགོད་པ་རླངས་འཁོར་ལ་བསྡད་ནས་འབོ་ཞབས་གྲོང་རྡལ་པའོ་དབྱང་ཕིང་གྲོང་སྡེར་སླེབས་དུས། ཐུན་མིན་གྱི་ཁྱད་ཆོས་ཡོད་པའི་སི་ཁྲོན་ནུབ་རྒྱུད་དམངས་སྲོལ་སྡོད་ཁང་དེ་ནགས་ཚལ་ཁྲོད་ནས་མངོན་ཡོད་ལ། ཨར་འདམ་ལམ་གྱིས་དུད་ཚང་ཡོད་ཚད་འབྲེལ་ཡོད་པ་རེད། གྲོང་ཚོའི་རིག་གནས་ཐང་ཆེན་དུ་མི་རྒན་རྣམས་ཁ་བརྡ་ལབས་ནས་བསྡད་ཡོད་པ་དང་བྱིས་པ་རྣམས་ཀྱིས་བག་ཕེབས་ངང་སྤྲོ་དགའི་རྩེད་མོར་རོལ་ནས་གྲོང་གསེབ་ཀྱི་བདེ་སྐྱིད་འཆམ་མཐུན་གྱི་རྣམ་པ་གསར་པ་ཞིག་མངོན་བཞིན་འདུག
དགུན་ཁ་ཤར་དུས་གནམ་གཤིས་གྲང་པོ་འགྲོ་བའི་དབང་གིས་ཆུ་ཚན་དུ་ལུས་པོ་འཁྲུད་དེ་ལུས་གསོ་བྱེད་ཡུལ་དེ་ཡུལ་སྐོར་བྱེད་མཁན་རྣམས་ཀྱི་དྲོ་སྐྱིད་མྱོང་ཚོ་འགྲོ་སར་བཟང་པོ་ཞིག་ཡིན། པའོ་དབྱང་ཕིང་གྲོང་ཚོའི་ག་ས་གར་ཡུལ་སྐོར་བ་མང་པོ་ཡོད་པ་དང་ཆུ་ཚན་གྲོང་ཚོ་ཆུང་ཆུང་འདིར་ཡུལ་སྐོར་བྱེད་དུ་ཡོང་མཁན་གྱི་འགྲུལ་པས་གང་ཡོད་པ་རེད། པའོ་དབྱང་ཕིང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིའུ་ཇིས་ཁང་གིས་གསར་དུ་བསྐྲུན་པའི་མུའུ་ཕྱེད་ཀའི་རི་གྲོང་ཅེས་པའི་སྤྲོ་སྐྱིད་ཁང་དུ་ཤིང་ཆ་སྒྲིག་གཞིའི་ཐོག་བརྩེགས་གཉིས་ཀྱི་ཐོག་ཁང་ཡངས་ཤིང་གསལ་པོ་ཡིན་པ་དང་།
སྤྱོད་ཆས་ཆ་ཚང་འཛོམས་པ། གྲོང་ཁྱེར་ནང་གི་སྡོད་ཁང་དང་མཛེས་སྡུག་འགྲན་པ་རེད། ལིའུ་ཇིས་ཁང་གིས་ད་ལྟར་སྲིད་ཇུས་བཟང་པོ་དང་འཕྲད་དེ་གྲོང་མི་ཚོ་སྡོད་ཁང་གསར་པར་བསྡད་རྒྱུ་རག་པ་དང་། རང་བབས་ཆུར་འཐུང་རྒྱུ་རག་པ། ཨར་འདམ་ལམ་སྒོ་ཁར་ལས་ཡོད་པ། གྲོང་ཚོའི་ནང་འཕྲོད་བསྟེན་ཁང་དང་ཚོང་ཁང་ཆུང་ཆུང་ཡང་བཙུགས་ཡོད་པས། བྱ་བ་ཅི་བསྒྲུབ་ན་སྟབས་བདེ་མོ་ཡིན་པ་རེད། འདི་ནི་སྔོན་མ་རྨི་ལམ་ནང་ཡང་དྲན་མ་མྱོང་། ད་ལྟར་གྲོང་མི་ཚོས་གྲོང་ནང་གི་ས་འོག་ཚྭ་ནུས་ཐོན་ཁུངས་ལ་བརྟེན་ནས་གཅིག་རྗེས་གཉིས་མཐུད་དུ་ཆུ་ཚན་གྱི་སྤྲོ་གསེང་ར་བ་བཙུགས་པ་དང་། ཡུལ་སྐོར་བར་ཟ་མ་ཞིམ་པོ་བཟའ་རྒྱུ་ཡོད་པ་དང་སྡོད་ས་སྐྱིད་པོ་ཡིན་པ། ཆུ་ཚན་ལ་ལུས་པོ་འཁྲུད་པའི་ཞབས་འདེགས་ཞུས་པའི་དུས་མཚུངས་སུ་གྲོང་མིའི་ཡོང་འབབ་ཀྱང་སྔ་ལས་མང་དུ་སོང་བ། འཚོ་བ་ནི་ཉིན་རེ་ནས་ཉིན་རེར་ཇི་སྐྱིད་དུ་གྱུར་བ་རེད་ཅེས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།
བཅོས་བསྒྱུར་སྒོ་འབྱེད་མ་བྱས་སྔོན་གྱི་འཚོ་བར་ལྷུག་བརྗོད་བྱེད་དུས་ལིའུ་ཇིས་ཁང་གིས་སྔོན་མར་གྲོང་ཚོར་གཞུང་ལམ་མེད་ཅིང་། རྐང་ལམ་ཕྲ་མོ་ཞིག་ཕྱི་ཕྱོགས་སུ་འབྲེལ་ཡོད་པ་རེད། གྲོང་ཚོ་ནང་གི་ཡུལ་ཐོན་ཁྱད་རྫས་ཤིང་ཏོག་དང་གསོན་ཕག་ཕྱིར་ལ་འདྲེན་ཐབས་མེད་ལ། ཕྱི་རོལ་གྱི་དངོས་རྫས་ཀྱང་རི་ཁུལ་ནང་འདྲེན་ཐབས་ཀྱང་མེད་པ་རེད། ཚང་མས་མི་དང་རྟ་ཡིས་རྒྱབ་ཏུ་ཁུར་དགོས། འགྲིམ་འགྲུལ་ཆ་རྐྱེན་ཞན་པའི་རྐྱེན་གྱིས་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་ཐབས་མེད་ཅིང་། དེའི་དུས་གྲོང་མི་ཚོས་རི་ལ་བརྟེན་ནས་འཚོ་བ་བྱ་དགོས་པ་སྟེ། ཁོ་ཚོས་རི་ལ་དབྱར་རྩྭ་དགུན་འབུ་དང་སྙི་བ་སོགས་སྨན་རྫས་འཐུ་ནས་འཚོ་རྟེན་བྱ་དགོས་པ་རེད། གྲོང་མི་ཚོས་ཞོག་ཁོག་དང་སོ་ཐག་སོགས་འབྲས་དང་བརྗེས་ནས་ལེགས་བཅོས་བྱེད་ཐབས་བྱ་དགོས་ཤིང་། ད་ལྟ་གྲོང་སྡེར་ཆུ་དང་གློག་སྤྱོད་རྒྱུ་ཡོད་པ་དང་སྐུད་མེད་དྲ་བ་སྤྱོད་རྒྱུ་ཡོད་པ་རེད། སྡོད་ཁང་གསར་པར་སྡོད་ཐུབ་པ་བཅས་བྱ་བ་བཟང་པོ་གཅིག་རྗེས་གཉིས་མཐུད་བྱུང་། ད་ལྟ་ཁྱིམ་ཚང་ཡོད་ཚད་སྡོད་ཁང་གསར་པའི་ནང་སྡོད་ཐུབ་པ་དང་ཨར་འདམ་ལམ་དུད་ཚང་རེ་རེའི་སྒོ་ཁར་ལས་ཡོད། མི་ཚང་མར་ལས་ཀ་ལས་རྒྱུ་ཡོད་པ་རེད་ཅེས་དགའ་སྤྲོས་ཁེངས་པའི་ངང་ནས་དེ་ལྟར་བཤད།
མ་འོངས་པར་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ། རིག་གནས་དང་ཡུལ་སྐོར་ཟུང་སྦྲེལ་བྱས་ཏེ་དུས་ཆེན་ལ་རོལ་བ་དང་རྟེན་འབྲེལ་བྱེད་སྒོ་སྤེལ་བའི་གོ་སྐབས་དང་བསྟུན་ནས་འབོ་ཞབས་གྲོང་རྡལ་དེ་ཆུ་ཚན་གྱིས་ལུས་པོ་གསོ་བ་དང་། མི་རིགས་ཡུལ་སྲོལ་གོམས་གཤིས་ཀྱི་རིག་གནས། རི་མཐོན་པོའི་ནགས་ཚལ་གི་ཚོན་མདོག་སྣ་མང་གི་མཛེས་ལྗོངས་སོགས་གཞི་གཅིག་ཏུ་འདུས་པའི་སྤུས་ལེགས་ཀྱི་གྲོང་ཚོ་བསྐྲུན་རྒྱུའི་ཡིད་ཆེས་ཀྱིས་ཁེངས་ཡོད། །
དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱི་མཆོར་ཉམས་ལྡན་པའི་འཕེལ་རིམ།
2012ལོའི་ཟླ་6པར། དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་ཁུལ་ཡུལ་སྐོར་ཅུས་ལ་དངོས་སུ་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྐྲུན་པར་རེ་འདུན་ཞུ་ཡིག་འབུལ་ནས། རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་གཙོ་གནད་དུ་བཟུང་རྒྱུ་དང་། དུང་དཀར་ལུང་པའི་རྒྱལ་སྤྱིའི་རི་ཁུལ་སྤྲོ་གསེང་ཡུལ་སྐོར་གྱི་ཡུལ་ལེགས་ཤོས་ཀྱི་དམིགས་ཚད་གཙོ་བཟུང་གི་ལས་ཀའི་བསམ་ཕྱོགས་བཏོན་པ་རེད། 2015ལོའི་སྤྱི་ཟླ་དང་པོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དཀར་མཛེས་ཁུལ་དུང་དཀར་ལུང་པའི་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་གཏོད་བྱེད་པའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་པ་རེད། 2016ལོར་དུང་དཀར་ལུང་པའི་ཆུ་ཚད་རོལ་དབྱངས་གྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ་དང་དུང་དཀར་ལུང་པར་ཀྲུང་གོ་དང་ཧྥ་རེན་སི་རྒྱལ་ཁབ་གཉིས་ཀྱིས་བར་སྣང་ཐག་ལེབ་འགྲན་བསྡུར་བྱས། སྤྱི་ལོ་2017ལོའི་ཟླ་2པའི་ཚེས་27ཉིན། དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་ལ་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཁབ་A5རིམ་པའི་སྒོ་བྱང་གནང་།
རྒྱལ་ཁབ་རིམ་པའི་A5རིམ་པའི་སྒོ་བྱང་འདི་ཐོབ་པ་ནས་ཉེ་བའི་ལོ་འདིར། དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དེ་རྒྱལ་ཡོངས་ཀྱི“ཆབ་ཁང་ལེགས་བཅོས”ཀྱི་ལག་བསྟར་ཐོག་མ་བྱེད་ས་དེ་ཡིན། ལག་རྩལ་དང་། ཉམས་འགྱུར། དོ་དམ། རིག་གནས་བཅས་ལེ་ཚན་བཞི་ཡི་སྒོ་ནས་ས་མཐོའི་ཡུལ་གྱི་ཆབ་ཁང་ལེགས་བཅོས་ཐག་གཅོད་ཐུབ་ཡོད།
་ལྗོངས་ཁུལ་དུ་“གད་སྙིགས་དངུལ་ཁང་”ཐོག་མར་བཙུགས་ཤིང་། “གད་སྙིགས་སྒྲུག་ནས་འཛིན་བྱང་དང་བརྗེ་བའི་”བྱེད་སྒོ་སྤེལ་བས་ཡུལ་སྐོར་མགྲོན་པོས་བསྔགས་བརྗོད་ཐོབ་ཡོད། སློབ་མ་རྩ་འཛུགས་བྱས་ནས“ཞྭ་དམར་ཆུང་ཆུང”འོས་འགན་འདྲི་རྟོག་ཞབས་ཞུ་རུ་ཁག་དང་ཞིང་པའི་འོས་འགན་ཚོང་རའི་ཞིབ་བཤེར་རུ་ཁག་བཙུགས་ནས། ཡུལ་སྐོར་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱས། དེ་དང་ཆབས་ཅིག་ཏུ། ནུས་ཤུགས་ཡོད་དགུས་རི་ལ་སྡོང་པོ་བཙུགས་པ་དང་ལམ་འགྲམ་དུ་མེ་ཏོག་འདེབས་ཤིང་།
ཁོར་ཡུག་གི་མཛེས་སྡུག་དང་སྐྱེ་ཁམས་ཀྱི་དཔལ་ཡོན་ལ་བདག་གཅེས་དང་སྲུང་སྐྱོང་གང་ལེགས་བྱས་ཡོད། །
初冬时节,走在磨西镇上,蓝天白云映衬下的巍巍雪山与秀美的田园风光,浓郁的民族风情,古朴的街道,法式教堂建筑,藏式宾馆群,构成了最亮眼的风景线。
磨西镇位于甘孜州东南部,地处四川之巅贡嘎山东坡,坐落在崇山绿水间。贡嘎山东坡的海螺沟是国家5A级景区,以其“幽、秀、险、雄、奇”的自然风光享誉全国。背靠“名山”,立足“绿水”,磨西镇在改革开放的历史进程中,抢抓机遇,奋发有为,不断深化拓展生态文化旅游的丰富内涵,将一个相对偏远落后的农业镇,发展为镇兴民富旅游旺的“特色旅游城镇”,实现了破茧成蝶的华丽嬗变。