2019ལོའི་ཞིང་ཨུའི་ལས་ཀ་གཙོ་བོ།

ཚེ་དཔལ་དང་ཚེ་འཛིན་སྒྲོལ་དཀར། ཚུལ་ཁྲིམས་བཟང་པོ་བཅས་ཀྱིས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03




2019ལོ་ནི་གཏིང་ཟབ་པོའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་མའི་གདོང་མཆོང་གི་ལོ། ཁྱོན་ཡོངས་ནས་ཞིང་ཨུའི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལོ་བཅས་ཡིན།

2019年是深入学习贯彻习近平新时代中国特色社会主义思想和党的十九大精神的重要一年,是决胜全面建成小康社会的冲刺之年,是全面贯彻省委十一届三次全会部署的落实之年。

རྩ་དོན་སྲུང་འཛིན།
遵循原则
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། གཏིང་ཟབ་པོའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་བཏོན་པའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ། རང་རྟོག་གིས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་དང་ནན་ཏན་གྱིས་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་། བླང་བྱ་གསར་པ་ལག་ལེན་བྱེད་པ། གཅིག་འདོམས་ཀྱིས་“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་འདོམས་ལག་བསྟར་བྱེད་པ་དང་“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏང་དགོས།

坚定以习近平新时代中国特色社会主义思想为指导,深入学习贯彻习近平总书记对四川工作系列重要指示精神,自觉践行新发展理念,认真落实中央新部署新要求,统筹推进“五位一体”总体布局、协调推进“四个全面”战略布局

འཆར་གཞི་གཅིག་བཀོད་ཐག་གཅོད་དང་རི་ལྗང་དམིགས་པ་རྩེ་གཅིག་ཏུ་གཏད་དེ་ནན་ཏན་གྱིས་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཇུས་ཆོད་དང་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས།

坚持一张蓝图绘到底、咬定青山不放松,扎实推动省委十届三次全会决策部署落地落实

སྤྱི་ཡོངས་ལ་རྐང་ཚུགས་ཤིང་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་ཤུགས་དྲག་ཏུ་གཏང་དགོས་པ་དང་། གནས་བབ་གསར་པར་བབ་བསྟུན་དང་གོ་སྐབས་གསར་པ་དམ་འཛིན། འགུལ་ནུས་གསར་པ་གསོ་སྐྱོང་། དགེ་མཚན་གསར་པ་འཕར་སྣོན་བྱ་དགོས།
立足全局、把握大势,强化问题导向、目标导向,适应新形势、抢抓新机遇,培育新动能、增创新优势


དངོས་ཡོད་ནས་འགོ་བརྩམས་པ་རྒྱུན་འཁྱོངས་དང་ཤུགས་ཆེན་པོས་ཞན་ཆ་གསབ་བསྐང་། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། ནུས་ཤུགས་གཅིག་བསྡུས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་ཤུགས་ཆེ་ཞིང་ས་ཁུལ་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་པའི་ལས་དོན་འགའ་དམ་འཛིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་ཕྱིན་པ་དང་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་དགོས།

坚持从实际出发,着力补短板,突出重点,集中精力抓好几件对全省经济社会发展支撑力强、对区域发展牵引带动作用大的事,促进全省经济社会持续健康发展,推动治蜀兴川再上新台阶

 ལས་ཀ་གཙོ་བོ། 
重点工作

ཚད་མཐོན་པོའི་ཆབ་སྲིད་རང་རྟོག་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱིས་“འགན་སྲུང་གཉིས”ལག་བསྟར་བྱ་དགོས།

 1、以高度政治自觉坚定践行“两个维护”


གཏིང་ཟབ་པོའི་སྒོ་ནས་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་བཏོན་པའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དེ་ཆབ་སྲིད་ཀྱི་འོས་འགན་ཆེན་པོ་ཞིག་ཏུ་ངོས་འཛིན་དགོས།

把深入学习习近平新时代中国特色社会主义思想和习近平总书记对四川工作系列重要指示精神作为重大政治任务

རྒྱུན་མཐུད་ངང་“འགག་སྒྲོལ་གྱི་གཡུལ་འཐབ་ཆེན་པོ་གསུམ”ལེགས་པོར་རྒྱག་དགོས།

ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་དེ་ཏང་གི་གཞུང་ལུགས་གསར་གཏོད་ཀྱིས་བསམ་བློའི་དྲག་ཆས་སྤྲས་ཏེ་བསམ་བློའི་“སྤྱིའི་འབྱེད་འདན་”གྱི་གནད་དོན་ཐག་གཅོད་བྱ་དགོས།

引导党员干部用党的创新理论武装头脑,

2. 持续打好“三大攻坚战”


    གནད་སྨིན་དབུལ་སྒྲོལ། 
   精准脱贫

“སེམས་ཁྲལ་བྱེད་མི་དགོས་པ་གསུམ་དང་འགན་སྲུང་གསུམ”ལ་རྩེ་གཅིག་ཏུ་དམིགས་པ།

 聚焦“两不愁、三保障”

དབྱིས་ཁུལ་དང་བོད་ཁུལ་སོགས་ཉམ་ཐག་དབུལ་ཕོངས་ས་ཁུལ་ལ་དམིགས་པ།

聚焦彝区藏区等深度贫困地区

དམིགས་བསལ་དབུལ་ཕོངས་ཚོགས་པར་རྩེ་གཅིག་ཏུ་དམིགས་པ།

聚焦特殊贫困群体

གཅིག་འདོམས་ཀྱིས་“ཕྱིར་ལྟ་བ་”དང་“རྗེས་ནས་རོགས་རམ་བྱེད་པ”དམ་འཛིན་བྱེད་པ།

统筹抓好“回头看”“回头帮”

གཅིག་འདོམས་ཀྱིས་སི་ཁྲོན་དང་ཀོང་ཏོན། སི་ཁྲོན་དང་ཀྲེ་ཅང་གི་དབུལ་སྐྱོར་མཐུན་སྦྱོར་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་དམ་འཛིན་བྱེད་པ།

统筹抓好川粤、川浙扶贫协作和省内对口支援

གཅིག་འདོམས་ཀྱིས་དབུལ་སྐྱོར་རིག་སྐྱོར་ལ་དམ་འཛིན་བྱེད་པ།

统筹抓好扶贫扶志

ནན་གྱིས་སྡོད་ཁང་དང་ཐོན་ལས། ལས་ཞུགས། སློབ་གསོ། སྨན་བཅོས་འཕྲོད་བསྟེན། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་འགག་སྒྲོལ་ལས་ཀར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོན་པོའི་དབུལ་སེལ་དང་རྒྱུན་མཐུད་དབུལ་སེལ་མངོན་འགྱུར་བྱ་དགོས།

扎实推进住房、产业、就业、教育、医疗卫生、基础设施等攻坚行动,实现高质量脱贫、可持续脱贫


འབག་བཙོག་སྔོན་འགོག 污染防治

ནན་གྱིས་“སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་དོན་འཁྱོལ་བྱ་དགོས།

认真践行“绿水青山就是金山银山”理念

བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་གཙོ་བོ་ཡིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་དགོས།

坚定走生态优先、绿色发展之路

ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁོར་སྲུང་ལྟ་སྐུལ་རྟོག་ཞིབ་དང་་“ཕྱིར་ལྟ་བའི”གནད་དོན་གྱི་བསམ་འཆར་བཅོས་བསྒྱུར་དང་དོན་འཁྱོལ་བྱ་དགོས།

抓好中央和省级环保督察及“回头看”反馈问题整改落实

འབག་བཙོག་སྔོན་འགོག་གི་“གཡུལ་འཐབ་ཆེན་པོ་བརྒྱད”ལེགས་པོར་རྒྱག་དགོས།

打好污染防治“八大战役”

དོན་དངོས་དང་མཐུན་པར་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏང་དགོས།

切实筑牢长江上游生态屏障

ཉེན་ཁ་ཆེན་པོར་འདུམ་འགྲིག་དང་སྔོན་འགོག་བྱ་དགོས།

防范化解重大风险

དངུལ་རྩ་དང་ཁང་སའི་ལས་ཐོན། སྲིད་གཞུང་གི་ངོ་བོའི་བུ་ལོན་དང་མངོན་མེད་བུ་ལོན། སྤྱི་ཚོགས་བརྟན་བརླིང་། བདེ་འཇགས་ཐོན་སྐྱེད། བཟའ་བཏུང་དང་ཐོན་རྫས་ཀྱི་བདེ་འཇགས། རང་བྱུང་གི་གནོད་འཚེ་ཆེན་པོ་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེན་པོའི་འདུམ་འགྲིག་དང་སྔོན་འགོག་ལས་ཀར་དམ་འཛིན་བྱ་དགོས།

抓好金融、房地产、政府性债务和隐性债务、社会稳定、安全生产、食品药品安全、重大自然灾害等领域风险防范化解工作
  སྤུས་ཚད་མཐོན་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།
3. 扎实推动经济高质量发展

ནང་མཁོ་ཇེ་ཆེར་གཏོང་བ་དམིགས་བཀར་གྱི་གནས་སུ་འཇོག་པ་དང་། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་གཙོ་བོ་ལ་དོ་སྣང་བྱེད་པ། མི་འདང་ས་ལ་ཁ་གསབ་བྱེད་པའི་ལོ་གསུམ་གྱི་བྱེད་སྒོ་ལག་བསྟར་བྱེད་པ།

把扩大内需摆在优先位置,聚焦基础设施等重点领域,实施补短板三年行动

དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། 5+1གི་ཐོན་ལས་གཞིར་བཟུང་ནས། ཞིང་ཆེན་འགོ་ཁྲིད་ཀྱིས་འབྲེལ་བ་དང་མཛུབ་སྟོན་བྱེད་པའི་གནད་འགག་ཁྱབ་ཁོངས་16དང་གྲངས་རིགས་དཔལ་འབྱོར་འཕེལ་རྒྱས་ལས་ཀའི་སྐུལ་འདེད་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱེད་པ།

着力构建现代产业体系,围绕“5+1”产业,认真落实省领导联系指导16个重点领域和数字经济发展工作推进机制

ཁྲོམ་རའི་གཙོ་གནས་ཀྱི་གསོན་ཤུགས་སྐུལ་འདེད་བྱས་ཏེ་ཕྱོགས་ཡོངས་ནས་གསར་སྐྲུན་བཅོས་བསྒྱུར་ཚོད་ལྟ་གཏིང་ཟབ་མོར་བྱེད་པ། རྒྱལ་ཁབ་ཀྱི་ཁེ་ལས་སྟོབས་ཤུགས་ཅན་དང་ཇེ་ལེགས་སུ་གཏོང་བ། ནུས་ཤུགས་ཡོད་ཚད་ཀྱིས་དམངས་གཉེར་དཔལ་འབྱོར་བདེ་ཐང་གིས་འཕེལ་རྒྱས་ཡོངས་བར་རྒྱབ་སྐྱོར་བྱེད་པ།

充分激发市场主体活力,深化拓展全面创新改革试验,做强做优国有企业,全力支持民营经济健康发展


2019ལོའི་གཙོ་གནད། 2019年重点

རྫོང་ཁུལ་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལས་ཀ་དོན་དངོས་དམ་འཛིན་བྱེད་པ་དང་། རྫོང་ཁུལ་དཔལ་འབྱོར་སྟོབས་ལྡན་ཅན་གྱི་རྫོང་དང་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ཅན་གྱི་རྫོང་གསོ་སྐྱོང་བྱེད་པ། སི་ཁྲོན་གྱི་ཡུལ་སྐོར་རྫོང་ཁག་གཅིག་གཏན་འཁེལ་བྱེད་པ།

扎实抓好县域经济和文化旅游发展工作,培育一批县域经济强县和生态建设标杆县,命名一批天府旅游名县

“རྩ་གཅིག་ཡན་མང་དང་ཁུལ་ལྔ་མཐུན་སྦྱོར”“ཕྱོགས་བཞིར་རྒྱ་སྐྱེད་དང་ཁུལ་ཡོངས་སྒོ་འབྱེད”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏང་བ།

推进“一干多支、五区协同”“四向拓展、全域开放”战略部署

“རྩ་གཅིག་ཡན་མང་དང་ཁུལ་ལྔ་མཐུན་སྦྱོར”གྱི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་སྒྲིག་འཛུགས་ཇེ་མགྱོགས་སུ་གཏང་དགོས།

加快构建“一干多支、五区协同”区域发展新格局

“ཕྱོགས་བཞིར་རྒྱ་སྐྱེད་དང་ཁུལ་ཡོངས་སྒོ་འབྱེད”ཀྱི་ཁྱོན་ཡོངས་ཀྱི་ལངས་གཟུགས་སྒོ་འབྱེད་རྣམ་པ་མགྱོགས་མྱུར་ངང་གྲུབ་ཏུ་འཇུག་དགོས།

加快形成“四向拓展、全域开放”立体全面开放新态势


གཙོ་གནད་ལས་ཀ 
重点工作

རྒྱལ་སྤྱིའི་སྐམ་ས་དང་རྒྱ་མཚོའི་ཚོང་ལས་ཀྱི་ལམ་གསར་པའི་འཛུགས་སྐྲུན་ལ་ཟབ་ཞུགས་བྱས་ཏེ་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལོ་གསུམ་གྱི་བྱེད་སྒོའི་འཆར་གཞི་ལག་བསྟར་བྱ་དགོས།

积极参与国际陆海贸易新通道建设,实施综合交通建设三年行动计划

སྒོ་འབྱེད་ཆེན་པོའི་མཉམ་ལས་སྟེགས་བུ་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་། སྤུས་ཚད་མཐོན་པོའི་ཀྲུང་གོའི་སི་ཁྲོན་གྱི་རང་དབང་ཚོང་ལས་ཚོད་ལྟ་ཁུལ་འཛུགས་དགོས།

用好重大开放合作平台,高质量建设中国(四川)自由贸易试验区

ས་ཁོངས་སོ་སོ་དང་ཕྱོགས་སོ་སོའི་མཉམ་ལས་ལ་ཟབ་ཞུགས་བྱེད་པ་དང་། ཕྱོགས་ཡོངས་ནས་སྒོ་འབྱེད་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏང་བ།

深化与各区域各领域合作,不断提升全面开放合作水平


   དོན་དམ་པའི་སྒོ་ནས་བཅོས་བསྒྱུར་མཐའ་འཁྱོལ་བྱེད་པ།

5. 以实际行动将改革进行到底

ཞིང་ལས་ཞིང་གྲོང་དང་། རྒྱལ་ཁབ་ཀྱི་མ་དངུལ་དང་ཁེ་ལས། སྲིད་འཛིན་དོ་དམ། དངུལ་ཁྲལ་དང་དངུལ་རྩ། ཚན་རིག་གསར་སྐྲུན། ཁྲིམས་འཛུགས་ལམ་ལུགས། སྤྱི་པའི་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་སུ་དོ་སྣང་བྱས་ནས་གསར་སྐྲུན་རང་བཞིན་ཆེ་བའི་བཅོས་སྒྱུར་བྱེད་ཐབས་གསར་པ་འདོན་དགོས།

聚焦农业农村、国资国企、行政管理、财税金融、科技创新、司法体制、公共服务等领域推出一批针对性创新性强的改革举措

སྒྲིག་གཞི་བཅོས་བསྒྱུར་དང་། གློག་ཤུགས་ལམ་ལུགས་ཀྱི་བཅོས་བསྒྱུར། “ཆེས་མང་ན་ཐེངས་གཅིག་རྒྱུགས་པས་ཆོག་པའི་”བཅོས་བསྒྱུར་གཙོ་བོར་འཛིན་པ།

重点抓好机构改革、电力体制改革、“最多跑一次”改革

གྲོང་གསེབ་དར་རྒྱས་དང་རྣམ་པ་གསར་པའི་གྲོང་རྡལ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏང་དགོས།


6. 统筹推进乡村振兴和新型城镇化建设

གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་རྨང་གཞི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས་དང་སྤྱི་པའི་ཞབས་ཞུ་སོགས་གཞི་གཅིག་ཅན་གྱི་བཀོད་སྒྲིག་ལ་སྐུལ་འདེད་གཏང་དགོས།

推动城乡规划、基础设施、产业发展、公共服务等一体化布局

སི་ཁྲོན་གྱི་འབྲུ་རིགས་དང་སི་ཁྲོན་གྱི་སྣུམ། སི་ཁྲོན་གྱི་ཇ་དང་སི་ཁྲོན་གྱི་སྨན། དེ་མིན་སི་ཁྲོན་གྱི་ཚལ་དང་སི་ཁྲོན་གྱི་སྨྱུག་མ་སོགས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།

加快发展川粮(油)、川茶、川药、川菜、川竹等特色优势产业

གཏིང་ཟབ་ངང་གྲོང་གསེབ་རྣམ་པའི་“ དྲུག་ཅན”འཛུགས་སྐྲུན་ལག་བསྟར་བྱས་ཏེ་དམིགས་བསལ་སྒོས་གྲོང་གསེབ་གྱི་གད་སྙིགས་བཅོས་སྒྲིག་དང་བཙོག་ཆུ་གཙང་སེལ། གསང་སྤྱོད་གསར་བརྗེ་སོགས་ལག་བསྟར་ལེགས་པོ་བྱ་དགོས།

深入实施村容村貌“六化”工程,突出抓好农村垃圾治理、污水治理和“厕所革命”

ཤུགས་ཆེན་པོས་མི་གཙོ་བོ་འཛིན་པའི་རྣམ་པ་གསར་པའི་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ནན་ཏན་སྒོས་“གྲོང་རྡལ་བརྒྱ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད”ལ་སྐུལ་འདེད་གཏང་དགོས།

大力推进以人为核心的新型城镇化,扎实推进“百镇建设行动”

ནན་གྱིས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། དེ་མིན་བདེ་སྣང་ཆེ་རུ་གཏང་དགོས།

7. 切实增强人民群众获得感幸福感安全感

སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་འགན་བཅོལ་སོགས་དམངས་འཚོའི་གནད་དོན་ཐོག་ཏུ་མུ་མཐུད་དུ་སེམས་ཁུར་བྱས་ཏེ། དམངས་འཚོའི་ལས་གཞི་གསར་པ་འགའ་ཇུས་འགོད་བྱེད་པ་དང་དམངས་འཚོའི་དངོས་དོན་ལག་བསྟར་ལེགས་པོར་བྱ་དགོས།

继续聚焦解决教育、医疗、社保等群众“急难愁盼”民生难题,谋划实施一批民生工程、办好民生实事

ལས་ཞུགས་བྱེད་པ་དེ་མངོན་གསལ་གྱི་གནས་སུ་བཞག་སྟེ་ནན་ཏན་སྒོས་ཞིང་པའི་ལས་མིའི་ཞབས་ཞུ་འགན་སྲུང་ལས་དོན་ལེགས་པོར་བསྒྲུབ་དགོས།

把就业摆在突出位置,扎实做好农民工服务保障工作

ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འདེབས་གསོ་ལག་བསྟར་བྱས་ཏེ། མགྱོགས་མྱུར་ངང་རིག་གནས་ཅན་གྱི་ཞིང་ཆེན་འཛུགས་སྐྲུན་བྱ་དགོས།

大力培育和践行社会主义核心价值观,加快建设文化强省

དམངས་གཙོ་ཁྲིམས་བཅོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ལ་མུ་མཐུད་དུ་ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་ཏེ། དུས་རབས་གསར་པའི་“ཧྥུང་ཆའོ་ཉམས་མྱོང”་མུ་མཐུད་དུ་འཕེལ་རྒྱས་གཏང་དགོས།

加强民主法治建设,持续开展扫黑除恶专项斗争,坚持发展新时代“枫桥经验”


ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱ་དགོས།

8. 全面加强党的领导
ནན་ཏན་སྒོས་ཏང་གི་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན་དང་སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་སྟེ། ལམ་ལུགས་འཛུགས་སྐྱོང་དེའི་ཁོངས་སུ་བཅུག་སྟེ། གཏིང་ཟབ་སྒོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་ཞིག་སྐྲུན་དགོས།

扎实推进党的政治建设、思想建设、组织建设、作风建设、纪律建设,把制度建设贯穿其中,深入推进反腐败斗争,构建风清气正良好政治生态

ཏང་གི་ཆབ་སྲིད་འཛུགས་སྐྲུན་གཙོ་གནད་སུ་བཞག་སྟེ་དམ་འཛིན་བྱས་ཏེ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོར་གཏང་དགོས།

把党的政治建设摆在首要位置来抓,严肃党的政治纪律和政治规矩

ཏང་ཨུ་ཡིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པའི་ནུས་པ་དང་ཕྱོགས་ཁག་སོ་སོའི་ནུས་པ་མཐུན་སྦྱོར་བྱེད་པ་དེ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་འགོ་ཁྲིད་དེ་བས་ནུས་ལྡན་ཡིན་པ་འགན་སྲུང་བྱ་དགོས།

充分发挥党委总揽全局、协调各方作用,确保党的领导更加坚强有力


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1