ལྗང་མདོག་གི་རྔ་བ་། སྐྱེ་ཁམས་ཀྱི་ཁྱིམ་གཞིས་། ——སྐྱེ་ཁམས་ཡུལ་སྐོར་གྱིས་རྔ་བའི་རྒྱུན་མཐུད་འཕེལ་ལམ་གཏོད་པའི་དངོས་བྲིས།

བསོད་ནམས་སྐྱིད་ཀྱིས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


རྨིན་ཅང་གཙང་པོའི་སྟོད་རྒྱུད་ནས་ལྷོ་ཕྱོགས་ཀྱི་མཚམས་སུ་ཆགས་པའི་ཝུན་ཁྲོན་རྫོང་དུ་དུས་ཆེན་སྐབས་སུ་གང་སར་ཡུལ་སྐོར་བས་འཚང་ཁ་ཤིག་ཤིག་གི་རྣམ་པ་སྔར་བཞིན་མིག་ལམ་དུ་གསལ་ལེར་རེད། ཡུལ་སྐོར་ལ་བརྟེན་ནས་ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཞིང་དགའ་སྤྲོའི་འཛུམ་མདངས་ལྷུག་ལྷུག་ཏུ་གྲོལ་བྱུང་། གྲོང་གསེབ་ཡུལ་སྐོར་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་ཞུགས།


རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ནས་བྱང་ཕྱོགས་སུ་བསྐྱོད་ན། ཆུ་ཆེན་རྫོང་གསལ་ཡུལ་ཚོ་ཏན་ཅབ་མོ་སྡེ་བའི་ནེའུ་གསིང་གཡུ་ལོའི་ཁྲོད་དུ་ཞིང་བའི་སྤྲོ་སྐྱིད་ཁང་ཕྲེང་བསྟར་བསྒྲིགས་ཡོད་ལ། ཁྲེན་ཏུའུ་དང་ཁྲུང་ཆིང་སོགས་ནས་ཕེབས་པའི་ཡུལ་སྐོར་བ་ལོ་ལྟར་གནས་འདིར་ལྟད་མོ་རུ་ཕེབས་བཞིན་ཡོད། ཆཱང་བ་ལིའི་མེ་ཏོག་གཟིགས་ཁུལ་གྱི་ཚོང་ལམ་ལ་བརྟེན་ནས་དཔལ་འབྱོར་སྤེལ་བཞིན་པའི་མཛེས་ལྡན་གྲོང་ཚོ་འདིས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་དུ་བསྟར་མུས་ཡོད།

ནགས་རི་སྟུག་ཅིང་རྫ་ཆུ་བསིལ། སྤྱོད་པ་གཙང་ལ་ཁྱད་ལྡན་ཐོན་ལས་སྤེལ་བ། དེ་ཡང་ལྷོ་རྒྱུད་དང་བྱང་རྒྱུད་ཀྱིས་རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཁོངས་ཡོངས་ཡུལ་སྐོར་གྱི་རྣམ་པ་ཆེན་མོ་གཏོད་ཅིང་། སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་བརྗིད་ཉམས་ཆེ་བའི་དམ་བཅའ་མངོན་ལ། ལྗང་མདོག་རིས་གཞི་བྱས་པའི་རབ་མཛེས་ལྗོངས་བཀོད་རི་མོ་ཞིག་སྐྱེ་ཁམས་ཡུལ་སྐོར་དར་སྤེལ་གྱི་གོ་སྐབས་ལ་བརྟེན་ནས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་8.42ཅན་གྱི་རྔ་ཁུལ་དུ་དལ་བུར་འཁྱིལ་བཞིན་ཡོད།

སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་ཚད་མཐོར་འདེགས་བཏང་བ།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་གཙོ་བོ་གཅིག་དང་ཡན་ལག་མང་པོ་དང་། ཁུལ་ལྔ་མཐུན་སྦྱོར་གྱི་འཐབ་ཇུས་བཀོད་སྒྲིག་བཏོན་ཞིང་། སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་རྒྱུའི་བླང་བྱ་བཏོན། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ཁུལ་ནས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་རྒྱུའི་གྲོས་འགོ་ཐོག་མར་བཏོན་ལ། གོང་གི་ཚིག་འདི་གཉིས་ལ་ཐ་སྙད་གཅིག་མང་ཉུང་གི་ཁྱད་པར་ཡོད་དེ། སི་ཁྲོན་ནུབ་བྱང་དུ་གནས་པའི་རྔ་བ་ཁུལ་ལ་མཚོན་ན་དེར་དོན་སྙིང་ཅི་ཞིག་ལྡན་ནམ།

སྐྱེ་ཁམས་འཛུགས་སྐྲུན་སྣང་མེད་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་མིག་འདུན་ལ་བསྙེགས་ནས་མ་འོངས་དོར་བ་ནང་བཞིན། དཔལ་འབྱོར་འཕེལ་རྒྱས་དང་བྲལ་ཏེ་སྐྱེ་ཁམས་འཛུགས་སྐྲུན་གླེང་བ་ནི་ངལ་བ་འབྲས་མེད་རེད། ཁུལ་ཨུ་ཧྲུའུ་ཅི་ལིའུ་ཕིང་གི་བསམ་ཚུལ་ལྟར་ན། དཔལ་འབྱོར་ཞེས་པའི་ཐ་སྙད་དོར་ན། ཞིང་ཆེན་ཨུ་ལྷན་གྱིས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་མཐོང་ཆེན་མ་བྱས་པ་མིན་པར། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། སྐྱེ་ཁམས་དང་འཕེལ་རྒྱས། སྐྱེ་ཁམས་དང་དམངས་འཚོ། སྐྱེ་ཁམས་དང་བརྟན་ལྷིང་བཅས་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཞིབ་གཟིགས་དང་ངོས་འཛིན་བྱེད་རྒྱུ་དང་། སྐྱེ་ཁམས་སྔོན་དུ་བཞག་པའི་སྒྲིག་སྲོལ་གཏན་ཁེལ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤར་ལ་ལྡོག་སྐུལ་དང་། སྐྱེ་ཁམས་ཆད་མེད་ལེགས་བསྒྱུར་དང་། ཁོར་ཡུག་རྒྱུན་མཐུད་ལེགས་བསྒྱུར། དཔལ་འབྱོར་ཡང་དག་ངང་འཕེལ་རྒྱས་འགྲོ་བའི་འཕེལ་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུའོ།།

སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་འཕེལ་རིམ་ཁྲོད། སྐྱེ་ཁམས་ཆུང་བ་རེ་རེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད། རྔ་བ་ཁུལ་གྱི་ས་ཁོངས་ཡོངས་ཡུལ་སྐོར་འདུ་ཤེས་ཁྲོད། རྔ་བ་ཁུལ་དུ་སླེབས་ན་ལྗོངས་ཁུལ་དུ་སླེབས་པ་དང་འདྲ་ཞིང་། རྔ་བ་ཁུལ་ནི་ཡིད་སེམས་རབ་ཏུ་འགུག་པར་བྱེད་པའི་གནས་མཆོག་ཞིག་རེད། ཅེས་གོང་གི་ཚིག་འདི་དག་གིས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་རྣམ་པ་དངོས་ཡོད་ཁྲོད་དུ་རྣམ་པར་མངོན་བྱུང་། སྐྱེ་ཁམས་ཡུལ་སྐོར་ཡང་རིམ་བཞིན་རང་ཁུལ་གྱི་གསོན་ཤུགས་ཆེས་ཆེར་ལྡན་པའི་དཔལ་འབྱོར་འཕར་གཞི་གསར་པ་རུ་གྱུར།

སྔོན་དུས་ཕྱུགས་འཚོ་ན་ཕྱུགས་ཟོག་གི་ཁ་གྲངས་ཁོ་ནར་བརྩོན་བཞིན་ཡོད། ལོ་གང་པོར་འབད་པ་བསྐྱེད་ནའང་། ཁེ་སྤོགས་ཉུང་ཉུང་ཞིག་ལས་རག་མི་ཐུབ་ལ། རྩྭ་སར་ཡང་གཏོར་བརླག་ཐེབས་ཡོད། ད་སྐབས། འབྲོག་པ་ཚོས་སྤྲོ་སྐྱིད་ཁང་གཉེར་ནས་རང་གི་སྒོ་འགྲམ་དུ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་བྱུང་། ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་ལ་དམིགས་ནས། མིག་མདུན་གྱི་རི་ཀླུང་ཤུལ་དུ་བཞག་པར་ཐུགས་རྗེ་ཆེ་ཞེས་མཛོད་དགེ་རྫོང་བན་ཡུལ་ཡུལ་ཚོ་བན་ཡུ་སྡེ་བའི་འབྲོག་པ་དཔལ་རྒྱལ་གྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

དཔལ་འབྱོར་རྒྱུན་རྣམ་གསར་པའི་རྒྱབ་ལྗོངས་འོག །མང་ཚོགས་ཀྱིས་རིམ་བཞིན་དཔལ་འབྱོར་འཕར་ཚད་ལ་ཚོར་བ་ཤོར། ལྷག་ཏུ་རང་ཉིད་ཀྱི་ཚེ་སྲོག་བདེ་ཐང་དང་འཚོ་བའི་སྤུས་ཚད་དང་འཚོ་གནས་ཁོར་ཡུག་ལ་དོ་ཁུར་བྱས། སྐབས་འདིར། སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་དུས་སྐབས་ལ་འཁེལ་བ་སྟེ། སྐྱེ་ཁམས་མཛེས་པའི་རྐྱེན་གྱིས་སྐྱེ་ཁམས་ཡུལ་སྐོར་སྐུལ་ཁྲིད་བྱས་ལ་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་སྔར་ནས་ཆགས་ཟིན།

སྐྱེ་ཁམས་ཡུལ་སྐོར་གྱི་ཕན་འབྲས་སྐུལ་སྤེལ་བཏང་བ།

གལ་སྲིད། སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་ནི་རང་ཁུལ་གྱིས་སྲོག་ཤིང་བརྟན་སྲུང་བྱས་པའི་མཐོ་ཚད་ནས་དུས་རབས་ཀྱི་བརྗོད་གཞི་ལ་ལན་སློག་པའི་ལག་ལེན་གསར་གཏོད་དང་། སྐྱེ་ཁམས་སྲུང་སྐྱོང་བྱས་ན་རང་ཁེ་མི་འདོད་པ་དང་། མ་འོངས་པར་ཁ་ཕྱོགས་ན་བྱས་རྗེས་ལ་མི་བསྙེགས་པའི་འགན་འཁྲི་མངོན་ཡོད། འོ་ན། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་འཁྱོངས་ཁུལ་གལ་ཆེན་ཡིན་པའི་ངོས་ནས། སི་ཁྲོན་དང་ཡུན་ནན་གྱི་ནགས་ཚལ་དང་དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་ཡོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་ཡང་རྒྱལ་ཁབ་དང་ཞིང་ཆེན་གྱིས་གསར་སྤེལ་ཚོད་འཛིན་བྱས་པའི་གཙོ་གནད་སྐྱེ་ཁམས་ནུས་ཐོན་ཁུལ་རྔ་བ་ཡིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གསར་པ་དོན་ཐོག་ཏུ་ཇི་ལྟར་འཁྱོལ་རྒྱུ་ཡིན་ནམ་ཞེ་ན།

ནམ་ཡང་བསམ་ཕྱོགས་དེ་རིང་ལྟར་དུ་གསལ་པོ་ཡིན་མ་མྱོང་ཞེས་ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་སྐྱང་སྨད་སྡེ་བའི་ཨུ་ལྷན་གྱི་ཀྲུའུ་རེན་དགེ་སྐྱབས་ཀྱིས་འབྱུང་འགྱུར་གྱི་འཕེལ་ཕྱོགས་གཏན་ཁེལ་གསལ་པོ་བྱས་ཡོད། ཁོས་སྐྱེ་ཁམས་ཡུལ་སྐོར་འགྲིམ་དགོས་ན་ང་ཚོས་ནང་ལོགས་དང་མི་འདྲ་བའི་ཁྱད་ཆོས་གཟེངས་སུ་ཐོན་དགོས་ཟེར།

ཟ་ཁང་མགྲོན་ཁང་ནས་རིག་རྩལ་འཁྲབ་སྟོན་དང་། ཐང་ག་བྲིས་ནས་མི་རིགས་གྱོན་ཆས། བོད་ཇ་ཕྱིར་འཚོང་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་སོགས་སྐྱང་སྨད་སྡེ་པ་ལ་གྲོང་གསེབ་ཡུལ་སྐོར་དང་། དམར་པོའི་ཡུལ་སྐོར། སྐྱེ་ཁམས་ཡུལ་སྐོར་བཅས་ཀྱི་ཐོན་ཁུངས་འདྲ་མིན་ཡོད།

སྤྱི་ཟླ་8པར། ཆུ་ཆེན་གྱི་ཆང་བཱ་ལི་གཅིག་རྗེས་གཉིས་མཐུད་དུ་ཁྲོམ་ར་རུ་བྲིན་འཚོང་བྱས་ལ། ཁང་པའི་མདུན་རྒྱབ་ཀྱི་སིལ་ར་ནས་སིལ་ཏོག་དྲི་བསུང་ཁྱབ་ཡོང་། ཞིང་པ་ཝང་མིན་གྱིས་ཡོང་འབབ་འཕར་དགོས་ན་ལི་སྡོང་འདེབས་འཛུགས་བྱེད་རྒྱུ་ཁོ་ནར་མི་བརྟེན་པར། ཡུལ་ལྗོངས་ལ་བརྟེན་ནས་ཡོང་འབབ་འཕར་བའི་ལས་ལ་ཡང་རེམས་དགོས་ཟེར།

ཆུ་ཆེན་རྫོང་ཡོངས་ཀྱིས་མུའུ་ཁྲི་4ལྷག་ཙམ་གྱི་ལི་སྡོང་བཙུགས་ཡོད་ལ། དེ་ནི་མུའུ་ཁྲི་4ལྷག་ཙམ་གྱི་སྐྱེ་ཁམས་མཛེས་ལྗོངས་ཁུལ་ལྟ་བུ་ཞིག་རེད། མེ་ཏོག་བཞད་ཡུན་གཅིག་གིས་ཡུལ་སྐོར་བ་ཁྲི་བཅུ་ཕྲག་ཁ་ཤས་འགུག་ཐུབ་ལ། ད་དུང་སྟོན་དུས་ཀྱི་ལོ་མ་དམར་པོའི་སྤྱན་གཟིགས་དུས་རིམ་ཡང་ཡོད། ཆང་བ་ལི་ལ་བརྟེན་ནས་ཁེ་བཟང་ཐོབ་པའི་ཆུ་ཆེན་པ་ཡིས་ཆང་བ་ལི་བཙོང་རྒྱུ་དེ་ཡུལ་ལྗོངས་དང་། ལི་ཚོང་རིག་གནས། དམངས་སྲོལ་གོམས་གཤིས་ཕྱིར་འགྲེམ་སྤེལ་བྱེད་ཐབས་ལ་བསྒྱུར་ཡོད། དེ་ནས་བཟུང་སྐྱེ་ཁམས་དཔལ་འབྱོར་ངོས་འཛིན་དང་། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་ཡུལ་སྐོར་གྱི་ལམ་བུ་རུ་བསྐྱོད་པའོ། །

སྤྱིར་ན་ངོ་བོའི་འགྱུར་ལྡོག་འབྱུང་རྒྱུ་ནི་སླ་མོ་ཞིག་མ་རེད། ཁོ་ཚོའི་རྣམ་འགྱུར་གྱིས་མི་རྣམས་ལ་ཧང་སངས་སུ་བཅུག །དཀའ་ཁག་སེལ་བའི་བརྒྱུད་རིམ་ཁྲོད། ལུས་སེམས་གཉིས་ཀ་བསྒྱུར་སོང་། འགག་སྒྲོལ་དང་མཛད་རྗེས་འཇོག་རྒྱུ་བདེ་བླག་ངང་མངོན་དུ་གྱུར། ང་ཚོར་མཛེས་ལྡན་སྐྱེ་ཁམས་ཀྱིས་རྔ་བའི་མང་ཚོགས་ལ་བསྩལ་བའི་བདེ་སྐྱིད་ཚོར་དུ་བཅུག དེ་ནི་རྔ་ཁུལ་ན་འཚོ་བའི་མི་རྣམས་ཀྱིས་མཐོང་འདོད་ཡོད་པ་དང་རེ་སྨོན་འཆང་ས་རེད།

ད་སྐབས། རོང་ཁུལ་དུ། ནགས་ཀླུང་ཕྱུག་མོ་དང་རྫ་ཆུ་བསིལ་མ་ཡིས་ཕན་ཚུན་བརྒྱན། འབྲོག་ཁུལ་དུ། སྔོ་བསངས་ནམ་མཁའ་དང་སྔོ་ལྗང་རྩྭ་ཐང་གིས་ཕན་ཚུན་སྤྲས། ལྗང་མདོག་གི་རྔ་ཁུལ་དང་སྐྱེ་ཁམས་ཀྱི་རྔ་ཁུལ་དུ་ལྟོ་གོས་གཉིས་འཛོམས་ནས་ཁོར་ཡུག་སྲུང་སྐྱོང་དང་། འཚོ་བར་བསྙེགས་པ་ནས་སྐྱེ་ཁམས་ཅན་དུ་བསྙེགས་པ་ལ་མཛེས་སྡུག་ལྡན་པའི་སྒོ་ནས་འཕོ་འགྱུར་འབྱུང་བཞིན་མཆིས་ཤིང་། ལྗང་མདོག་གིས་དེང་རབས་ཅན་གྱི་རྔ་བའི་མི་ཡི་ཕུགས་འདུན་གསར་པ་སྤུད་བཞིན་ཡོད་དོ། ། 

现在,到阿坝州汶川县、金川县等地旅游的人络绎不绝,旅游收入改善了当地的生活条件,老百姓脸上时刻洋溢着幸福的笑容,迎接着四面八方游客的到来。这都得益于川西北生态文明先行示范区的获批建设。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1