ཐོགས་རེག་མེད་པའི་ཁྱོད།

བཀྲ་ཤིས་ཆོས་ལྡན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


ལག་པས་རེག་ཏུ་མེད་པའི་ཁྱོད་རང་།

མིག་ལ་བཏགས་པའི་མེ་ལོང་གོར་གོར་ཞིག

སྣང་བ་མག་མོག་དང་འདྲེས་པའི་ཁྱོད་རང་།

ཟླ་བའི་གདོང་དུ་དོད་པའི་རི་དྭགས་ཀྱི་གཟུགས་རིས་ཤིག

རྨི་ལམ་ནང་ནས་འཚོལ་དགོས་པའི་ཁྱོད་རང་།

སེམས་བྱུང་གི་འདུ་འགོད་ལས་མཆེད་པའི་འོད་ཟེར་ཞིག

ཟློས་གར་གྱི་འཕྲུལ་ཙམ་ལས་མི་སྣང་བའི་ཁྱོད་རང་།

ཀུན་རྟོག་དམར་པོའི་ཕོ་བྲང་ལས་ལྷུང་བའི་ལྷ་སྐུ་ཞིག

འཛུམ་མདངས་ཁོ་ན་ལས་མཐོང་རྒྱུ་མེད་པའི་ཁྱོད་རང་།

ཉི་ཟེར་གྱི་རྡུལ་ལ་བསྐུངས་པའི་དགུན་ཁའི་མེ་ཏོག་ཅིག

སོར་མོའི་ཡལ་འདབ་ལས་འགུལ་ཡོང་བའི་ཁྱོད་རང་།

སེན་མོའི་རྩི་ལ་ཐིམ་པའི་ཁ་དོག་རབ་རིབ་ཅིག


རྩོམ་ཡིག་སྔོན་མ།
ཡུལ་ལྗོངས་འཁྱག་པོ།
རྩོམ་ཡིག་རྗེས་མ།
མི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1