ལྐོག་དངོས་གཞི་རྡུལ་རྟོག་འཇལ་འཁོར་སྐར་(དབྱིན་ཡིག་གི་Dark Matter Particle Explorer ཟེར་བ་བསྡུས་འབྲི་བྱས་ཏེ་DAMPE) ནི་ཀྲུང་གོའི་ཚན་རིག་ཁང་མཁའ་དབྱིངས་ཚན་རིག་གི་འཐབ་ཇུས་ཀྱིས་ཚན་རྩལ་ཆེད་སྤྱོད་ཀྱི་འཁོར་སྐར་ལྔའི་ཡ་གྱལ་ཞིག་ཡིན། 2015ལོའི་ཟླ་12པའི་ཚེས17ཆུ་ཚོད་བརྒྱད་པའི་སྐར་མ་བཅུ་གཉིས་སྟེང་ཅིའུ་ཆོན་འཁོར་སྐར་གཏོང་སར་ནས་རྒྱང་སྐྱོད་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་སྟེང་བཏང་བ་རེད། DAMPE ནི་བར་སྣང་གི་རྒྱང་ཤེལ་ཡིན། དེས་འཕུར་སྐྱོར་གྱི་འཕྲོ་ཐིག་དང་གློག་རྡུལ། འཇིན་རྟེན་གྱི་འཕྲོ་ཐིག་མཐོང་ཐུབ། DAMPE ཡི་ཚན་རིག་གི་དམིགས་ཚད་གཙོ་བོ་ནི་ཚད་མཐོ་དང་སྤུས་བཟང་སྒོས་འཇིག་རྟེན་འཕྲོ་ཐིག་ཁྲོད་ཀྱི་གློག་རྡུལ་དངོས་ལྡོག་གི་བསྡུར་བ་ཁྱད་འབྱེད་ཐུབ་པར་བྱས་ཏེ། ལྐོག་དངོས་ཡིན་པར་འདོད་པའི་མཚོན་བརྡ་འཚོལ་བ་དེའོ། །
2015ལོའི་ཟླ་12པའི་ཚེས་17ཆུ་ཚོད་བརྒྱད་པའི་སྐར་མ་བཅུ་གཉིས་སྟེང་ཅིའུ་ཆོན་འཁོར་སྐར་གཏོང་སར་ནས་རྒྱང་སྐྱོད་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཏང་བ་ལེགས་འགྲུབ་བྱུང་རྗེས་ལྐོག་དངོས་གཞི་རྡུལ་རྟོག་འཇལ་འཁོར་སྐར“ཝུའུ་ཁུང”རྟགས་ཅན་བདེ་ལེགས་ངང་མཁའ་དབྱིངས་སུ་བསྐྱོད། ཐེངས་འདིའི་འཁོར་སྐར་བཏང་བ་ལེགས་འགྲུབ་བྱུང་བ་དེས། རང་རྒྱལ་གྱི་མཁའ་དབྱིངས་ཚན་རིག་ཞིབ་འཇུག་ལ་གོམ་པ་གཙོ་བོ་ཞིག་སྤོས་པ་མཚོན།
2015ལོའི་ཟླ་10པའི་ཚེས་29ནས་ཚེས31བར། ཀྲུང་གོའི་ཚན་རིག་ཁང་རི་བོ་ཙི་ཅིན་གྱི་གནམ་རིག་ཁང་ནས་གཙོ་སྒྲུབ་མཛད་པའི་སྐབས་བཞི་བའི་ལྐོག་དངོས་རྟོག་འཇལ་འཁོར་སྐར་ཞིབ་འཇུག་གྲོས་བསྡུར་གྱི་ཚོགས་འདུ་ནན་ཅིན་ནས་བསྡུས། DAMPE ནས་ཡོང་བའི་ཞིབ་འཇུག་དང་གསར་བཟོའི་ལས་ཁུངས་གཙོ་བོ་ཀྲུང་གོའི་ཚན་རིག་ཁང་རི་བོ་ཙི་ཅིན་གྱི་གནམ་རིག་ཁང་དང་ཚད་མཐོའི་དངོས་ལུགས་ཞིབ་འཇུག་ཁང་། ཉེ་རབས་དངོས་ལུགས་ཞིབ་འཇུག་ཁང་། རྒྱལ་ཁབ་ཀྱི་མཁའ་དབྱིངས་ཚན་རིག་ལྟེ་གནས་དང་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན། མ་ཟད་རྒྱལ་སྤྱིའི་མཉམ་འབྲེལ་ལས་ཁུངས་རེའུ་སིན་རི་ནེའུ་བཱ་སློབ་ཆེན། དབྱི་ཐ་ལེན་རྒྱལ་ཁབ་ཀྱི་མ་རྡུལ་དངོས་ལུགས་ཞིབ་འཇུག་ཁང་། ཕེ་རོའུ་ལྗ་སློབ་ཆེན། དཔལ་རི་སློབ་ཆེན། སཱ་ལིན་ཐོ་སློབ་ཆེན་དང་ཨ་རིའི་མཱ་ཧྲིན་རང་བྱུང་བཟོ་སྐྲུན་སློབ་གླིང་སོགས་ལས་ཁུངས་ལྔ་བཅུ་ལྷག་གི་ཆེད་མཁས་པ་ཐེངས་འདིའི་ཚོགས་འདུར་ཞུགས།
2015ལོའི་ཟླ་5པའི་ཚེས་31ཉིན། ཀྲུང་གོའི་ད་ལོར་ལྐོག་དངོས་རྟོག་འཇལ་འཁོར་སྐར་བཏང་། དེ་ནི་ད་བར་རྟོག་འཇལ་གྱི་ཁོད་རྒྱང་ཆེས་ཆེ་བ་དང་ནུས་ཚད་དབྱེ་འབྱེད་བྱེད་ཚད་ཆེས་བཟང་བའི་མཁའ་དབྱིངས་རྟོག་འཇལ་བྱེད་ཆས་ཤིག་ཏེ། རྒྱལ་སྤྱིའི་སྟེང་རིགས་མཐུན་གྱི་རྟོག་འཇལ་བྱེད་ཆས་ཡོད་དོ་ཅོག་ལས་བརྒལ་བ་རེད།
2015ལོའི་ཟླ་12པའི་ཚེས་17ཉིན་ཆུ་ཚོད་བཅུ་བདུན་སྐར་མ་ང་ལྔའི་སྟེང་། རང་རྒྱལ་ཚན་རིག་འཁོར་སྐར་ཚན་བསྟར་གྱིས་ཐོག་མའི་འཁོར་སྐར་ཏེ་ལྐོག་དངོས་གཞི་རྡུལ་རྟོག་འཇལ་འཁོར་སྐར“ཝུའུ་ཁུང”རྟགས་ཅན་དེ་ཅིའུ་ཆོན་དུ་བཏང་བ་ལེགས་འགྲུབ་བྱུང་ནས་ཉིན་བདུན་གྱི་རྗེས་སུ། འཁོར་སྐར་ཚོད་བགམ་ཁང་དང་གློག་བགམ་ཁང་། ཚན་རིག་རྟོག་འཇལ་བྱེད་ཆས་ལ་གློག་གནོན་མནན་རྗེས་ཀྱི་ཚོད་བགམ་སོགས་བརྒྱུད་མཐར། ཐེངས་དང་པོ་གཞི་གྲངས་ལེགས་འགྲུབ་འོག་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་མཁའ་དབྱིངས་ཚན་རིག་ལྟེ་གནས་མཁའ་དབྱིངས་ཚན་རིག་ལས་འགན་ཚོམས་ཆེན་དུ་བབས་པ་ཞིག་གོ །
2016ལོའི་ཟླ་3པའི་ཚེས་17ཉིན། རང་རྒྱལ་ཚན་རིག་འཁོར་སྐར་ཚན་བསྟར་གྱིས་ཐོག་མའི་འཁོར་སྐར་ཏེ་ལྐོག་དངོས་གཞི་རྡུལ་རྟོག་འཇལ་འཁོར་སྐར“ཝུའུ་ཁུང”རྟགས་ཅན་ཟླ་གསུམ་གྱི་ཚོད་ལྟའི་ལས་འགན་ལེགས་འགྲུབ་བྱུང་ནས་བདེ་ལེགས་ངང་ལས་ཁུངས་དག་ལ་སྤྲད།
2017ལོའི་ཟླ་11པའི་ཚེས་30ཉིན། ཚན་རིག་པ་དག་གིས་ལྐོག་དངོས་ནི་འཇིག་རྟེན་གྲུབ་བྱེད་ཀྱི་དངོས་པོ་ཡིན་པར་འོལ་ཚོད་བྱས། ལྐོག་དངོས་ཟེར་བ་ཡོད་པའི་བདེན་དཔང་འཚོལ་བ་ནི་དངོས་ལུགས་རིག་པའི་ཡུལ་གྲུ་ནས་ཡུན་དུ་གནས་པའི་འགྲན་སློང་ཞིག་ཏུ་ཆགས། ད་ལྟ་ས་ངོས་དང་བར་སྣང་གི་ཚད་ཆེའི་ལྟ་དཔྱོད་ཀྱིས་ར་སྤྲོད་བྱས་པ་ལྟར་ན། མིའི་རིགས་ཀྱིས་འཇིག་རྟེན་གྲུབ་ཚུལ་གྱི་བརྒྱ་ཆ་ལྔ་ཙམ་ལས་ཤེས་ལ། ང་ཚོའི་འཇིག་རྟེན་གྱི་ཆེས་གལ་ཆེ་བའི་ཆ་ཤས་ནི་ལྐོག་དངོས་དང་ལྐོག་ནུས་རེད་ཟེར། ཚན་རིག་པ་དག་གིས་ལྐོག་དངོས་ནི་འཇིག་རྟེན་གྲུབ་ཚུལ་གྱི་རྨང་གཞི་ཡིན་པར་འདོད་ལ། བརྟན་སྐར་མ་ལག་ཆགས་པ་དང་རིམ་འགྱུར་བྱུང་བའང་དེར་ཁེལ་ཡོད་པར་འདོད། ཡིན་ཡང་དངོས་ལུགས་རིག་པས་ལྐོག་གྱུར་གྱི་དངོས་པོ་དེ་འདྲར་ད་རུང་ལྟ་དཔྱོད་བྱུང་ཐུབ་མེད།
“ཝུའུ་ཁུང”རྟགས་ཅན་ནི་མིག་སྔར་འཛམ་གླིང་སྟེང་ལྟ་དཔྱོད་ཀྱི་རིམ་པ་ཁོད་ཆེས་ཆེ་བ་དང་ནུས་ཚད་དབྱེ་འབྱེད་ཆེས་བཟང་བའི་ལྐོག་དངོས་གཞི་རྡུལ་རྟོག་འཇལ་འཁོར་སྐར་ཡིན་ལ། རྒྱལ་སྤྱིའི་སྟེང་དེ་དང་རིགས་འདྲའི་རྟོག་འཇལ་ཆས་དག་ལས་བརྒལ་ཟིན། དེས་བར་སྣང་ནས་གློག་རྡུལ་གྱི་ནུས་པ་ཆེན་པོ་མངོན་ཏེ། ལྐོག་དངོས་ཡོད་པའི་བདེན་དཔང་འཚོལ་ངེས་ལ། ལྐོག་དངོས་ཀྱི་ཁྱད་གཤིས་དང་བར་སྣང་དུ་ཁེབས་ཚུལ་གྱི་ཆོས་ཉིད་སོགས་ལ་ཞིབ་འཇུག་བྱེད་ངེས་སོ། །