རྒྱལ་ཡོངས་ཀྱི་དགེ་རྒན་དོ་དམ་ཆ་འཕྲིན་མ་ལག་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-29
ཚེས་25ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར། རྒྱལ་ཡོངས་ཀྱི་དགེ་རྒན་དོ་དམ་ཆ་འཕྲིན་མ་ལག་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་འབྲེལ་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ཡོད། དེའི་ནང་དགེ་རྒན་གྱི་ལས་སྒྲུབ་ཉམས་མྱོང་དང་། སློབ་ཁྲིད་གནས་ཚུལ། གསོ་སྦྱོང་ཟབ་སྦྱོང་གི་ལོ་རྒྱུས་སོགས་ཀྱི་ཆ་འཕྲིན་རྨང་གཞིའི་ཆ་འཕྲིན་མཛོད་ནང་བཅུག་ཡོད།
མ་ལག་དེ་རྒྱལ་ཡོངས་དང་། ཞིང་ཆེན་རིམ་པ། གྲོང་ཁྱེར་རིམ་པ། རྫོང་རིམ་པ། སློབ་གྲྭ་བཅས་ཀྱིས་རིམ་པ་རེ་རེ་བཞིན་དོ་དམ་བྱེད་པ་དང་རིམ་པ་སོ་སོར་དབང་ཚད་མི་འདྲ་བ་ཡོད། དགེ་རྒན་གྱིས་མ་ལག་ནང་གི་ཆ་འཕྲིན་ཁ་ཤས་ལ་ལྟ་ཀློག་བྱེད་པའམ་ཡང་ན་ལེགས་བཅོས་བྱེད་ཆོག་པ་རེད།།