དཀར་མཛེས་ཁུལ་གྱི་སྤུས་ལེགས་འཕེལ་རྒྱས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཚོགས་འདུའི་དགོངས་དོན་ལག་བསྟར་དང་ཞིང་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱ་ཆེད། དེ་མིན་གྲོང་གསེབ་ཀྱི་དཔལ་འབྱོར་བདེ་ལགས་ངང་འཕེལ་རྒྱས་འབྱུང་པ་དང་ཞིང་གྲོང་ཞི་མཐུན་བརྟན་བརླིང་ཡོང་བ་སྲུང་སྐྱོང་བྱ་ཆེད། ཁུལ་ཡོངས་སུ་ཞིང་ལས་དང་འབྲེལ་པའི་ཡོ་བྱེད་ཀྱི་གོང་ཚད་ལ་ལྟ་སྐུལ་བྱེད་པ་དང་རིན་དངུལ་བསྡུས་པར་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་རྒྱུ་རེད།
ཐེངས་འདིའི་ཞིབ་བཤེར་ལས་དོན་ནི་སྤྱི་ཟླ་4པའི་ཚེས་1ནས་འགོ་ཚུགས་རྒྱུ་ཡིན་པ་དང་ཟླ་5པའི་ཚེས་20ལ་མཇུག་སྒྲིག་རྒྱུ་རེད། ཟླ་གཅིག་གི་ཞིབ་བཤེར་རྒྱུད་རིམ་ཁྲོད་ཞིང་གྲོང་གི་ཆུ་རིན་དང་གློག་རིན། ཞིང་པའི་སྡོད་ཁང་དང་སློབ་གྲྭ། ཞིང་ལས་ཐོན་རྫས་བརྗེ་རེས་དང་ཞིང་ལས་འཕྲུལ་ཆས་ཀྱི་ཞབས་ཞུ། དེ་མིན་ཞིང་གྲོང་གི་སྐུད་ཡོད་གློག་བརྙན་དང་ཞིང་གྲོང་གི་སྨན་བཅོས་འཕྲོད་བསྟེན་ཞུབས་ཞུ། ཞིང་ལས་རྒྱུ་ཆའི་རིན་གོང་སོགས་ཀྱི་མཁའ་ཁོངས་ཀྱི་རིན་གོང་གི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་སོགས་ལ་གཙོ་བོ་ཞིབ་བཤེར་བྱ་རྒྱུ་རེད།།