མཆོད་སྤོས་ཀྱི་དྲི་བཟང་འཐུལ་པའི་གནས་མཆོག འཇམ་དབྱངས་ལྷ་ཁང་།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 11-01


ཉི་འོད་ཁྲོད་ཀྱི་དགེ་འདུན་པ། བསྟན་འཛིན་ཉི་མས་པར་བླངས།

晨光下的僧侣 图 / 丁真尼玛


འཇམ་དབྱངས་ལྷ་ཁང་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མཆོད་སྤོས་ཀྱི་རྒྱུན་མ་ཆད་པའི་དགོན་པ་ཞིག་ཡིན། དེ་ཡང་སུའུ་དང་ཐང་རྒྱལ་རབས་སྐབས་སུ་སུའེ་ཝུན་ཏིའི་བུའི་འདང་ཆེ་བའི་བཙུན་མོ་གཞོན་པས་སྐབས་དེའི་བཙུན་མ་ཕན་ཚུན་བར་ཡིད་ཆེས་ཀྱི་ཆེད་དུ་བསྐྲུན་པ་ཡིན་ལ་ཡིད་ཆེས་དགོན་ཞེས་འབོད། རྒྱལ་རབས་ལྔའི་སྐབས་སུ་དགོན་མིང་དབྱངས་ཅན་མའི་མཆོད་རྟེན་ཁང་ཞེས་སུ་བསྒྱུར། སུང་རྒྱལ་རབས་སྐབས་སུ་སྔར་བཞིན་ཡིད་ཆེས་དགོན་ཞེས་འབོད།

འཇམ་དབྱངས་ལྷ་ཁང་ནི་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་དཀྱིལ་དབུས་ཀྱི་ཆི་དབྱང་ཁུལ་ཏུ་ཆགས་ཡོད་ལ་སུའུ་རྒྱལ་རབས་ཀྱི་བྱ་གཞག་ཆེན་པོའི་དུས་(605-617)སྐབས་སུ་འཛུགས་སྐྲུན་བྱས་པ་དང་ཁང་ཞི་དགུང་ལོ་སོ་དྲུག་པ་(1679)ལོར་སླར་ཡང་མ་དངུལ་བསྡུས་ནས་བསྐྱར་སྐྲུན་བྱས་ཏེ་མིང་འཇམ་དབྱངས་ལྷ་ཁང་ཏུ་བསྒྱུར།

ཅོང་ཁང་། བསྟན་འཛིན་ཉི་མས་པར་བླངས། 金钟楼 图 / 丁真尼玛

        འཇམ་དབྱངས་ལྷ་ཁང་ནི་སི་ཁྲོན་ནུབ་རྒྱུད་ཀྱི་མིང་གྲགས་ཆེ་བའི་ནང་བསྟན་དགོན་པ་ཞིག་ཡིན་ལ་དགོན་པའི་ནང་དུ་རྩ་ཆེ་བའི་རིག་དངོས་དང་ཁ་གྲངས་ཁྲི་ལྷག་ཟིན་པའི་སངས་རྒྱས་ཀྱི་གསུངས་ཆོས། ཚད་ལྡན་ཡིག་ཆ་སོགས་ཧ་ཅང་མང་པོ་ཡོད་ལ་ཕྱོགས་ཡོང་དད་ལྡན་པ་རྣམས་འདིར་ཡོང་ནས་མཆོད་འབུལ་དགེ་སྦྱོར་བྱེད་བཞིན་མཆིས།

        དགོན་པའི་ར་སྐོར་ནང་དུ་ད་དུང་རྡོ་བརྐོས་དང་ཤིང་བརྐོས། འཇིམ་བཟོས། ཟངས་ལྕགས་ཀྱིས་གྲུབ་པའི་ལྷ་སྐུ་སོགས་ཆེ་ཆུང་300ལྷག་ཡོད་ལ་དེ་རྣམས་ལ་རིག་དངོས་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན།

        དགོན་པ་འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་རྒྱལ་ཡོངས་ཀྱི་རྒྱ་ཡིག་སྡེ་ཁག་གི་ནང་བསྟན་དགོན་པ་གཙོ་བོ་ཞིག་ཡིན་ལ། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་དགོན་ཆེན་ཁག་བཞིའི་ཐོག་མ་དང་། ད་དུང་སི་ཁྲོན་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོང་སྡེ་ཁག་གཙོ་བོ་ཡང་ཡིན། ཁྱད་དུ་འཕགས་པའི་དགོན་པ་དང་གནའ་བོའི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའི་སྐྱེད་ཚལ། མཇལ་སྐོར་དང་ལྟ་སྐོར་བྱེད་ས། ཆོས་ལུགས་ཀྱི་སྒོམ་སྒྲུབ་བྱེད་ས་སོགས་སློབ་གཞི་གཅིག་ཏུ་འབྲེལ་བའི་ནང་བསྟན་ཆོས་ལུགས་ཀྱི་གནས་མཆོག་ཅིག་ཡིན། ། 

                                                                                      འཇམ་དབྱངས་ལྷ་ཁང་། བསྟན་འཛིན་ཉི་མས་པར་བླངས། 文殊阁 图 / 丁真尼玛



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1