པར་ལེན་པ་ལི་ཁང་ནི་སི་ཁྲོན་དཀར་མཛེས་ཁུལ་ཉག་ཆུ་ཁའི་མི་ཡིན་ལ། དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་དང་སི་ཁྲོན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་ཡིན། 2006གི་ལོ་ནས་བཟུང་པར་ལེན་གྱི་ལས་ཀར་གཉེར་ཞིང་སྔ་གཞུག་ཏུ་《ཁམས་པའི་རྩོམ་རིག་དགའ་ཚལ།》དང་《གངས་དཀར་རི་བོ།》 《 ཁམས་པའི་ཚགས་པར།》 《 མི་རིགས།》 《 མི་རིགས་བརྙན་པར།》སོགས་དུས་དེབ་དང་ཚགས་པར་ཁག་ཏུ་འདྲ་པར་བརྩམས་ཆོས་གང་མང་བཀོད་ཅིང་། བརྩམས་ཆོས་ཁག་ཅིག་སྐབས་བཞི་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་འདྲ་པར་འགྲེམས་སྟོན་དང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅོ་ལྔ་པའི་པར་ལེན་འགྲན་བསྡུར་སོགས་འདྲ་པར་འགྲེམས་སྟོན་ཐོག་བདམས་ཐོན་བྱུང་། 2011ལོར་《ཁམས་པའི་སྣང་བརྙན།》ཞེས་པའི་པར་དེབ་པར་སྐྲུན་བྱས།