རང་རེའི་ཞིང་ཆེན་གྱི་མཉམ་སྦྲེལ་དྲ་བའི་སྨན་ཁང་ཐོག་མ་ལེགས་གྲུབ་བྱུང་།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-17
སྤྱི་ཟླ10བའི་ཚེས16ཉིན། སི་ཁྲོན་གྱི་མཉམ་སྦྲེལ་དྲ་བའི་སྨན་ཁང་ཐོག་མ་ལེགས་གྲུབ་བྱུང་། འདི་ནི་རང་རེའི་ཞིང་ཆེན་དུ་ཐོག་མར་འཛུགས་པའི་མཉམ་སྦྲེལ་དྲ་བའི་སྨན་ཁང་གཅིག་པུ་རེད། སྨན་ཁང་འདིས་ཧུར་ཐག་གིས་ཁྱིམ་ཚང་སྨན་པས་རྒྱང་རིང་སྨན་བཅོས་དང་བདེ་ཐང་གི་ཡིག་ཚགས་བཟོ་བ། གནད་སྨིད་དབུལ་སྐྱོར་སོགས་ཀྱི་ཞབས་ཞུ་སྒྲུབ་པའི་མིང་རྟགས་འགོད་པར་སྐུལ་འདེད་བཏང་བར་མ་ཟད། གཞི་རིམ་གྱི་མང་ཚོགས་ཀྱིས་ཁྱིམ་ནས་སྨན་ཁང་ཆེ་གྲས་ཀྱི་ཆེད་མཁས་པར་ནད་གཞི་གསོ་བཅོས་དང་བདེ་ཐང་སྐོར་གྱི་འདྲི་གཞི་འདྲི་ཆོག་པ་རེད།
སི་ཁྲོན་གྱི་མཉམ་སྦྲེལ་དྲ་བའི་སྨན་ཁང་ནི་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་དང་སྨན་བཅོས་ཚན་ཆུང་གཉིས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱས་ཤིང་། མང་ཚོགས་ཀྱིས་ནད་བཅོས་བྱེད་པའི་གོ་རིམ་སྔར་ལས་སྟབས་བདེ་བསྐྲུན། མཉམ་སྦྲེལ་དྲ་བའི་སྨན་ཁང་གིས་བཏོན་པའི་བདེ་ཐང་གི་ཡིག་ཚགས་ལས་མང་ཚོགས་གིས་ཁ་པར་བཀོལ་སྤྱོད་བྱས་ཏེ་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཡོངས་ལ་ལྟ་ཐུབ་ལ། སྨན་བཅོས་གསོ་རིག་ལྟེ་གནས་ཏེ་རྒྱལ་ཡོངས་ཀྱི་ཆེད་མཁས་པ་དང་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་འབྲེལ་ཐག་ལྟ་བུར་གྱུར་ནས། རང་རེའི་ཞིང་ཆེན་གྱི་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བར་ཕན་ནུས་གལ་ཆེན་ཐོན་པ་རེད།།