ཏང་ཏང་དྲྭ་བས་སི་ཁྲོན་དུ་རིག་གནས་ཐོན་ལས་སྤྱི་ཁྱབ་པུའུ་ཞིག་འཛུགས་སྐྲུན་བྱ་རྒྱུའི་ཐད་དུ་མ་དངུལ་སྒོར་ཕྱུར་20གཏོང་འཇོག་བྱ་རྒྱུའི་འཆར་གཞི་བཀོད།​

ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མས་བསྒྱུར། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-13


             སྤྱི་ཟླ་10པའི་ཚེས་12ཉིན། ཞིང་ཆེན་སྲིད་གཞུང་དང་ཏང་ཏང་དྲྭ་བ་གཉིས་ཀྱིས་རིག་གནས་འཕྲིན་སྦྲེལ་དྲྭ་བ་རྒྱས་པའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཞག  ཏང་ཏང་དྲྭ་བ་ཡིས་སི་ཁྲོན་ཏུ་རིག་གནས་སྤྱི་ཁྱབ་པུའུ་ཞིག་འཛུགས་སྐྲུན་བྱེད་པའི་ཐད་དུ་མ་དངུལ་སྒོར་དུང་ཕྱུར་20གཏོང་འཇོག་བྱས་ཏེ། ཐོན་ལས་ཡོངས་དང་རིག་གནས་གསར་སྐྲུན་ཐོན་རྫས། དེ་མིན་ཞབས་ཞུ་སོགས་འབྲེལ་མཐུད་བྱེད་སའི་སྟེགས་བུ་ཤིག་འདོན་སྤྲོད་བྱ་རྒྱུའི་འཆར་གཞི་བཀོད་པ་དང་། དེའི་ཁྲོད་དུ་O2Oདངོས་གཞིའི་དཔེ་ཁང་དང་།བཟོ་རྩལ་ཐོན་རྫས།ལག་བཟོའི་ཐོན་རྫས།དངོས་མིན་ཤུ་བཞག་ཐོན་རྫས་དང་།སློབ་སྦྱོང་གི་མཁོ་ཆས།གསར་གཏོད་ཇུས་འགོད་ཀུང་སི་སོགས་དངོས་གཞིའི་ལས་སྒོ་འདུས།

             འཆར་འགོད་ལྟར་ན། ཏང་ཏང་དྲྭ་བས་ཁྲེན་ཏུའུ་རུ་མ་དངུལ་སྒོར་དུང་ཕྱུར་10གཏོང་འཇོག་བྱས་ནས་ཏང་ཏང་དྲྭ་བའི་ས་ཚིགས་གི་རྣམ་གྲངས་ཞིག་འཛུགས་སྐྲུན་བྱུ་རྒྱུ་རེད། ཏང་ཏང་དྲྭ་བ་འདི་རིག་གནས་དང་ཚོང་ལས་གཅིག་དུ་འདུས་པའི་སྣ་འཛོམས་ཀྱི་དྲྭ་བ་ཤིག་ཡིན་པས་ཆ་ནས། རྣམ་གྲངས་འདི་ནི་ཁྲེན་ཏུའུ་ཡི་དར་སྲོལ་ཆེ་བའི་རིག་གནས་ཀྱི་མཚོན་རྟགས་ཤིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་པར་མ་ཟད། ཏང་ཏང་དྲྭ་བའི་དངོས་གཞིའི་དཔེ་ཁང་སྟེ་གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཕྱོགས་ཡོངས་ནས་ཁྱབ་པར་བྱ་རྒྱུ་དང་། གོམ་གང་མདུན་སྤོས་ཀྱིས་རྫོང་དང་གྲོང་རྡལ་སོགས་སུ་ཡང་ཁྱབ་པར་བྱ་རྒྱུ་རེད། དེ་མིན་O2Oདངོས་གཞིའི་དཔེ་ཁང་གི་ནང་དུ་ཆེད་མཁས་པའི་འཆད་ཁྲིད་དང་རིག་གནས་གསར་གཏོད་ཀྱི་ཉམས་ལེན་སོགས་རིག་གནས་གསར་སྐྲུན་གྱི་ཐོན་རྫས་དང་ཞབས་ཞུ་སོགས་འདོན་སྤྲོད་བྱ་རྒྱུ་རེད།
              ཏང་ཏང་དྲྭ་བས་ལག་བསྟར་འགོ་འཛིན་ལི་གོ་ཆིང་གིས་རིག་གནས་ཐོན་ལས་སྤྱིའི་སྡེ་ཁག་དེ་སི་ཁྲོན་ཏུ་རྐང་ཚུགས་དོན་ནི་སི་ཁྲོན་ནི་རིག་གནས་ཐོན་ལས་ཀྱི་མཛད་སྤྱོད་ཁྲོམ་ར་ཆེ་གྲས་ཤིག་ཡིན་པར་མ་ཟད། རིག་གནས་ཐོན་ལས་འཕེལ་རྒྱས་སུ་འགྲོ་བ་ལ་སྔར་མེད་ཀྱི་སྒུལ་ཤུགས་བསྩལ་ཐུབ་པའི་ཡིན། མིག་སྔར་ཏང་ཏང་དྲྭ་བ་ཚོགས་པ་སི་ཁྲོན་ཏུ་རྟོག་ཞིབ་གནང་བཞིན་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1