རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས།
野生动物的天堂
南非是非洲经济最发达、现代化程度最高的国家,素有“黄金王国”之称。黄金储量和铂族金属等的储量均居世界第一位。南非是世界上独一无二的拥有三个首都的国家:行政首都(中央政府所在地)为比勒陀利亚,司法首都(最高法院所在地)为布隆方丹,立法首都(国会所在地)为开普敦。如果哪个城市升起了南非国旗,就意味着总统到了哪个城市。
旅游业是当前南非发展最快的行业之一,产值约占国内生产总值的8%,从业人员达120万人。旅游资源丰富,设施完善。旅游点主要集中于东北部和东、南沿海地区。生态旅游与民俗旅游是南非旅游业两大最主要的增长点。
ཧྥེ་གླིང་ལྷོ་མ་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་ཧྥེ་གླིང་ལྷོ་མ་ཞེས་འབོད་པ་ནི་ཧྥེ་གླིང་གི་ལྷོ་སྣེ་རུ་ཆགས་པའི་རྒྱལ་ཁབ་ཅིག་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་121.9དང་སྤྱིའི་མི་གྲངས་ལས་བརྒྱ་ཆ་70མི་ནག་གིས་ཟིན་ཡོད།
དེ་ཡང་ཆེས་ཐོག་མར་ཡུལ་དེ་གའི་སྡོད་མི་ནི་སང་རིགས་དང་ཁུ་ཡེས་རིགས་ཡིན་ལ། རྗེས་ནས་གནས་འདིར་གནས་སྤར་བའི་པན་ཐུའུ་རིགས་ཀྱིས་གནས་འདི་བདག་གིར་བཟུང་པ་ཡིན་ཞེས་ལོ་རྒྱུས་སྨྲ་བ་དག་གིས་བཞེད།
ཧྥེ་གླིང་ལྷོ་མའི་རྒྱལ་ས་ཁེ་ཕུ་ཏོན་གྱི་རང་བྱུང་མཛེས་ལྗོངས།
南非首都开普敦自然人文风光
1961ལོའི་ཟླ་5པའི་ཚེས་31ཉིན་དབྱིན་ཇིའི་མཉམ་འབྲེལ་ལས་གྲོལ་ཏེ་ཧྥེ་གླིང་ལྷོ་མའི་སྤྱི་མཐུན་རྒྱལ་ཁབ་བཙུགས་ཤིང་། 1994ལོར་སྐབས་ཐོག་མའི་མི་ནག་སྲིད་འཛིན་མན་དི་ལ་ཡིས་སྲིད་དབང་བཟུང་།
ཧྥེ་གླིང་ལྷོ་མ་ནི་ཧྥེ་གླིང་གི་དཔལ་འབྱོར་ཆེས་དར་རྒྱས་ཆེ་ཞིང་དེང་རབས་ཅན་གྱི་ཆུ་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཅིག་ཡིན། ཀུན་གྱིས་རྒྱལ་ཁབ་འདིར་གསེར་གྱི་བང་མཛོད་ཆེན་མོ་ཞེས་འབོད། རྒྱལ་ཁབ་དེའི་གསེར་གྱི་གསོག་ཚད་དང་པེད་རྫས་ལྕགས་རིགས་སོགས་ཀྱི་གསོག་ཉར་ཚད་ནི་འཛམ་གླིང་གི་ཨང་དང་པོར་སོན་ཡོད་པས་འཛམ་གླིང་གི་གཏེར་མཛོད་ཆེན་མོ་ཞེས་ཀྱང་འབོད་སྲོལ་ཡོད། གཏེར་རྫས་དང་བཟོ་སྐྲུན། ཞིང་ལས་ལས་རིགས་བཅས་ནི་ཧྥེ་གླིང་ལྷོ་མའི་དཔལ་འབྱོར་གྱི་འདེགས་ཤིང་ཆེན་མོ་གསུམ་དུ་གྲགས། གཞན་ཡང་གཏེར་འདོན་ལག་རྩལ་དེ་འཛམ་གླིང་གི་སྔོན་གྲས་སུ་ཚུད་ཡོད། ཡིན་ནའང་རྒྱལ་དམངས་དཔལ་འབྱོར་གྱི་སྡེ་ཁག་སོ་སོའི་འཕེལ་རྒྱས་ཆུ་ཚད་དང་ས་ཁུལ་ཁྱབ་ཚུལ་ཆ་མི་སྙོམས་ཤིང་ཡོང་འབབ་ཀྱང་སྙོམས་སྒྲིག་མིན།
ཧྥེ་གླིང་ལྷོ་མའི་གཙོད་རྭ་རིང་།
南非长角羚
རྒྱལ་ཁབ་དེའི་ཙུའུ་ལུའུ་ཞེས་པའི་མི་རིགས་དེས་ད་ལྟའི་བར་དུ་གདོད་མའི་འཚོ་བའི་གནས་སྟངས་རྒྱུན་འཛིན་བྱས་ཡོད་དེ་ཕོ་མཆོག་མོ་དམན་གྱི་བསམ་བློའི་ཤུགས་ཆེ་ཕྱིན་རྒྱབ་ཁབ་དེའི་བུད་མེད་ཀྱི་སྤྱི་ཚོགས་གོ་གནས་ཤིན་ཏུ་དམའ།
གནས་དེར་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཏེ་གླང་པོ་ཆེ་དང་བསེ་རུ། མཚོ་ཕག སེང་གེ ཤ་བ་སྐེ་རིང་སོགས་འོ་འཐུང་སྲོག་ཆགས་མང་པོ་དང་བྱ་རིགས་880ལྷག ཕྱེ་མ་ལེབ་ཀྱི་རིགས་800ལྷག རྩི་ཤིང་གི་རིགས་22000ལྷག་འདུས་པས་འཛམ་གླིང་སྟེང་ཆེས་ཆེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་བཤམས་སྟོན་ཁང་ཞིག་ཏུ་ངོས་འཛིན་བྱེད།
ཧྥེ་གླིང་ལྷོ་མའི་ཙུའུ་ལུའུ་རིགས་ཀྱི་བུད་མེད་ཚོས་འདམ་རྩྭའི་དུས་ཆེན་རོལ་ལ་བཞིན་པ།
祖鲁族少女在一年一度的“芦苇节”上载歌载舞
ཧྥེ་གླིང་ལྷོ་མའི་ཙུའུ་ལུའུ་རིགས་ཀྱིས་སྲོལ་རྒྱུན་ཞབས་བྲོ་འཁྲབ་བཞིན་པ།
祖鲁族人穿着传统服饰进行舞蹈表演
ཧྥེ་གླིང་སྐམ་ས་ཆེན་མོའི་ལྷོ་སྣེ་དང་ཧིན་རྡུ་རྒྱ་མཚོ་ཆེན་མོའི་སྦྲེལ་སྣེ་རུ་གནས་པའི་རེ་སྨོན་གླིང་ཟུར་ནི་དུས་བཞིར་རླུང་གི་རྒྱུ་བ་མི་ཆད་ཅིང་། 1486ལོར་ཕོ་ཐུར་གལ་གྱི་ཉེན་རྟོག་པ་ཏི་ཡ་ཧྲི་ཡིས་གནས་དེར་འཚུབ་རླུང་གླིང་ཟུར་ཞེས་མིང་བཏགས་ཅིང་1497ལོར་ཕོ་ཐུར་གལ་གྱི་ཉེན་རྟོག་པ་ཏ་ཀ་མ་གནས་དེ་བརྒྱུད་ནས་ཧིན་རྡིར་བསྐྱོད་སྐབས་འབྲས་བུ་གཡུར་དུ་ཟ་བ་བླངས་པ་དང་། རྗེས་སུ་ཡོ་རོབ་གླིང་གི་གྲུ་གཟིངས་གནས་དེར་བརྒྱུད་ནས་འབྱོར་ཕྱུག་ལྡན་པའི་ཤར་ཕྱོགས་སུ་སྐྱོད་ཐུབ་པས་རེ་སྨོན་གླིང་ཟུར་དུ་མིང་བསྒྱུར་པས་གནས་དེ་བརྒྱུད་ནས་རེ་བ་དང་བདེ་སྐྱིད་ཕྱྭ་གཡང་འཁོར་བའི་སྨོན་འདུན་མཚོན་ཡོད་པ་གླིང་ཕྲན་འདི་མིང་ལས་རྟོགས་ནུས་སོ།
ཧྥེ་གླིང་ལྷོ་མའི་གཞི་རྒྱ་ཆེས་ཆེ་བའི་རི་དྭགས་གླིང་ལྷོ་བྱང་ཤར་ཁུལ་དུ་གནས་པའི་ཁུ་རུའོ་ཀུའུ་རྒྱལ་ཁབ་སྤྱི་གླིང་ནི་ཧྥེ་གླིང་ལྷོ་མའི་མིང་དུ་གྲགས་པའི་སྤྱི་གླིང་ཞིག་ཡིན། དཀྱུས་ལ་སྟོང་སྨི་320དང་ཞེང་ལ་སྟོང་སྨི་64ཡོད་པ་དང། ས་ངོས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་2ཡོད། དེར་གླང་པོ་ཆེ་དང་སེང་གེ བསེ་རུ། གཙོད། ཤ་བ་སྐེ་རིང་སོགས་འོ་འཐུང་སྲོག་ཆགས་དང་ཧྥེ་གླིང་ལྷོ་མའི་ཁྱད་ལྡན་སྲོག་ཆགས་མང་པོ་འཚོ་སྡོད་བྱས་ཡོད།
ཧྥེ་གླིང་ལྷོ་མའི་ཙུའུ་ལུའུ་རིགས་ཀྱི་སྐྱེས་པའི་མགོ་རྒྱན། 祖鲁族男子展示传统头饰
རང་བྱུང་གི་རྡོ་རྗེ་ཕ་ལམ་གྲུབ་པར་དྲོད་ཚད་དང་གནོན་ཤུགས་མཐོ་བའི་མཁའ་དབུགས་ཀྱི་ཁོར་ཡུག་དམིགས་བསལ་ཞིག་ལྡན་དགོས་ཏེ། མེ་རི་འཕྱུར་སྐབས་ས་འོག་རྡོ་ཞུན་གྱིས་སྟོང་སྨི་2000ལྷག་ཟབ་པའི་ས་འོག་ཏུ་ཆགས་ཡོད་པའི་རྡོ་རྗེ་ཕ་ལམ་གྱི་ས་རྒྱུད་དེ་ས་ངོས་སུ་མངོན་སྲིད་པས། དྲོད་ཚད་མར་ཆགས་རྗེས་ཀྱི་མེ་རིའི་ཤུལ་དུ་རྡོ་རྗེ་ཕ་ལམ་རྙེད་ཐུབ། 1871ལོར། ཧྥེ་གླིང་ལྷོ་མའི་དབུས་རྒྱུད་ས་ཁུལ་གྱི་མཐོ་སྒང་གི་གནའ་བོའི་མེ་རིའི་རྗེས་ཤུལ་དུ་རྡོ་རྗེ་ཕ་ལམ་གསར་རྙེད་བྱུང་ཞིང་ལོ་འགའི་རྗེས་སུ་གནས་དེ་རུ་གཏེར་ལས་སྤྱི་གཉེར་ཁང་བཙུགས་ཏེ་དབྱིན་ཇིའི་མི་སེར་སྤེལ་མཁན་གྱི་བློན་ཆེན་ཁིན་པོ་ལི་ཡི་མིང་བྲག་ཞུན་གྱི་མིང་དུ་བསྒྱུར། རྗེས་སུ་འཛམ་གླིང་གི་ས་གནས་གཞན་གྱི་རིགས་དེ་འདྲའི་བྲག་ཞུན་ལ་ཡོངས་ཁྱབ་ཀྱིས་ཁིན་པོ་ལི་བྲག་ཞུན་ཞེས་འབོད།
ཁིན་པོ་ལི་གྲོང་ཁྱེར་གྱི་འཛམ་གླིང་སྟེང་ཆེས་ཆེ་བའི་རྡོ་རྗེ་ཕ་ལམ་གྱི་གཏེར་ཁུངས་ནས་ཁེ་ལ་ཁྲི་1450ལྷག་སྔོག་འདོན་བྱས་ཏེ་གཏེར་ཁུངས་སྐམ་རྗེས་ད་ལྟ་ཡུལ་སྐོར་ལྗོངས་རྒྱུའི་ས་ཆར་བསྒྱུར་ཡོད།
།