ཞི་ཅིན་ཕིང་ཧེ་ལུང་ཅང་དུ་ཕེབས་ཏེ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-24


  སྤྱི་ཟླ་5པའི་ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧེ་ལུང་ཅང་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དུ་ཕེབས་ཏེ་རྟོག་ཞིབ་གནང་། དབྱི་ཁྲོན་ནི་རྒྱལ་ཡོངས་གཙོ་གནད་ཀྱི་རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་ཡིན་ལ། མེས་རྒྱལ་གྱི་ནགས་གླིང་དང་གསོམ་དམར་གྱི་ཕ་ས་ཞེས་པའི་མཚན་སྙན་གསོལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ནགས་ཁུལ་དུ་ཁྱོན་ཡོངས་ནས་ཚོང་ལས་རང་བཞིན་གྱི་སྡོང་བོ་གཅོད་པ་བཀག་འགོག་བྱས་རྗེས་ཀྱི་ཐོན་ལས་བསྒྱར་བཀོད་ཀྱི་འཕེལ་རྒྱས་དང་ལས་བཟོ་བའི་ལས་ཞུགས་བདེ་བཀོད་ཀྱི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་བྱེད་བཞིན་འདུག ཞི་ཅིན་ཕིང་གིས་དབྱི་ཁྲོན་གྱི་རྒྱུན་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་སྐབས། ནགས་ཁུལ་བསྒྱུར་བཀོད་འཕེལ་རྒྱས་ཀྱི་སྐྱེས་ཁམས་ལ་སྲུང་སྐྱོབ་བྱ་དགོས་པ་མ་ཟད་དམངས་འཚོ་ལའང་འགན་སྲུང་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1