ད་ལོར་སི་ཁྲོན་གྱིས་དབུལ་པོའི་དུད་ཚང་ཁྲི་13གྱིས་ཉེན་ཁ་ཅན་གྱི་ཁང་བ་བསྒྱུར་བཀོད་ལེགས་འགྲུབ་ཡོང་བ་བྱ་རྒྱུ་རེད།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-24
ཞིང་ཆེན་ཏང་ཨུའི་ཞིང་ལས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། 2015ལོར། རང་རེའི་ཞིང་ཆེན་གྱིས་ཝུའུ་མོང་རི་ཁུལ་གྱིས་གྲོང་ཁྱེར་3དང་དབུལ་ཕོངས་རྫོང་9ལ་ཝུའུ་མོང་གྲོང་གསར་འཛུགས་སྐྲུན་ལག་བསྟར་བྱ་རྒྱུ་རེད། དེ་དབྱི་རིགས་ཀྱི་གྲོང་གསར་དང་པ་ཧྲན་གྱི་སྡོད་གནས་གསར་པ། བོད་ཁུལ་གྱིས་སྡོད་གནས་གསར་པ་བཅས་ཡུག་ཁུལ་ཆེན་མོ་བཞི་གྲུབ་པ་དང་། ཞིང་ཆེན་ཡོངས་ཀྱིས་དབུལ་བྲལ་འགག་སྒྲོལ་གྱི་ས་གནས་གཙོ་བོ་བཞི་དང་སྦྲེལ་མཐུད་བྱ་རྒྱུ་རེད། སྔོན་ཆད་བོད་ཁུལ་སྡོད་གནས་གསར་པར་ཕྱོགས་ཡོངས་ནས་ལོ་3གྱིས་འཆར་འགོད་ལས་འགན་ལེགས་གྲུབ་བྱུང་བ་དང་། དབྱི་རིགས་ཀྱི་གྲོང་གསར་དེ་ལའང་ཧྲན་ཆེ་ཆུང་ནས་དབྱི་རིགས་འདུས་སྡོད་ཁུལ་ཡོངས་སུ་རྒྱ་སྐྱེད་གཏང་བ། པ་ཧྲན་གྱིས་སྡོད་གནས་གསར་པ་ཡང་ཆིན་པ་རི་ཁུལ་གྱི་གྲོང་ཁྱེར་6དང་རྫོང་ཁག་34བཅས་སུ་ཁྱབ་སྤེལ་བཏང་།
རང་རེའི་ཞིང་ཆེན་གྱིས་གསར་དུ་《གྲོང་ཚོ་གསར་པ་འཛུགས་སྐྲུན་བྱས་ཏེ་དབུལ་སྐྱོར་བྱེད་པའི་ཆེད་དོན་འཆར་འགོད།》ལས་གསལ་བོར་བསྟན་དོན། གྲོང་ཚོ་གསར་པ་འཛུགས་སྐྲུན་བྱེད་པར་ཕྱོགས་བསྡུས་འདེགས་སྐྱོར་བྱས་ནས། ཉེན་ཁ་ཅན་གྱི་སྡོད་ཁང་བསྒྱུར་བཀོད་བྱེར་པར་སྐུལ་འདེད་གཏང་བ་དང་། དུས་མཚུངས་སུ་དབུལ་སྐྱོར་གྲོང་གསར་གྱི་སྤྱིའི་ཞབས་ཞུ་དང་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ། 2020ལོར་དབུལ་པོའི་གྲོང་ཚོ་གསར་པ་11501འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། དེ་མིན་ད་ལོར་དབུལ་པོའི་དུད་ཚང་ཁྲི་13གྱིས་ཉེན་ཁ་ཅན་གྱི་སྡོད་ཁང་བསྒྱུར་བཀོད་བྱ་རྒྱུ་ཡིན། གྲོང་གསེབ་དུ་གླ་རིན་ལེན་པའི་དུད་ཚང་ཁྲི་4དང་སྟོང་2འཛུགས་སྐྲུན་བྱ་རྒྱུ་དང་། དབུལ་སྐྱོར་གྲོང་གསར་2700འཛུགས་སྐྲུན་བྱ་རྒྱུ་རེད།།