ལི་ཁེ་ཆང་གིས་སང་གྷ་ལའི་ཙུང་ལི་ཝེ་ཁི་མ་ཞིན་ཧ་དང་གྲོས་མོལ་མཛད།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-08
སྤྱི་ཟླ་4པའི་ཚེས་7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སང་གྷ་ལའི་ཙུང་ལི་ཝེ་ཁི་མ་ཞིན་ཧ་དང་གྲོས་མོལ་མཛད།
ལི་ཁེ་ཆང་གིས་ཀྲུང་གོ་དང་སང་གྷ་ལི་གཉིས་ཀྱི་འབྲེལ་བ་བཙུགས་ནས་ལོ་ངོ་60འགོར་བའི་རིང་ལ། ཀྲུང་གོ་དང་སང་གྷ་ལ་གཉིས་ཀྱི་འབྲེལ་བ་རྒྱལ་ཁབ་ཕྱི་ནང་གི་འགྱུར་ལྡོག་མང་པོར་བརྒྱུད་པ་དང་། དུས་དང་རྣམ་པ་ཀུན་ཏུ་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་ཕྱིན་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་པ་རེད། འདི་ནི་ང་ཚོ་ཐུན་མོང་གི་ཁེ་ཕན་ཡིན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་རིགས་སོ་སོའི་མི་སྣས་ཐུན་མོང་གིས་འབད་པ་བྱས་པའི་གྲུབ་འབྲས་ཀྱང་རེད། ཀྲུང་གོ་ཕྱོགས་ནས་སང་གྷ་ལ་དང་མཉམ་དུ་མཐོ་རིམ་འགོ་ཁྲིད་འགྲོ་འོང་ལ་ཤུགས་སྣོན་དང་ཆབ་སྲིད་ཡིད་ཆེས་གཏིང་ཟབ་ཏུ་སྤེལ་བ། དངོས་དོན་མཉམ་ལས་རྒྱ་སྐྱེད་པ། དེ་མིན་ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་རོགས་འདེགས་དམ་པོ་བྱས་ཏེ་ཀྲུང་གོ་དང་སང་གྷ་ལའི་འཐབ་ཇུས་མཉམ་ལས་མཛའ་འབྲེལ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།
ཝེ་ཁི་མ་ཞིན་ཧ་ཡིས། སང་གྷ་ལ་དང་ཀྲུང་གོའི་མཛའ་འབྲེལ་ལོ་རྒྱུས་རྒྱུན་རིང་ཞིང་སང་གྷ་ལའི་སྲིད་ཏང་སོ་སོས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད། སང་གྷ་ལ་དེང་སྐབས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་འོས་འགན་གསར་པར་ཁ་གཏོད་བཞིན་ཡོད་པས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔེ་ལྟ་བྱས་ཏེ་རང་ངོས་ཀྱི་འཕེལ་རྒྱས་དང་ཀྲུང་གོའི་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་སྦྲེལ་མཐུད་བྱས་ནས་མཉམ་དུ་དུས་རབས་ཉེར་གཅིག་གི་མཚོ་ཐོག་གི་དར་གོས་ཚོང་ལམ་བསྐྲུན་འདོད། དེ་མིན་བཟོ་ལས་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ། གྲུ་ཁ་དང་གནམ་གྲུ་ཐང་། བཟོ་ལས་ཁུལ་སོགས་ཁྱབ་ཁོངས་སུ་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ད་ལོར་ཀྲུང་གོ་ཕྱོགས་དང་ཕྱོགས་གཉིས་ཀྱི་རང་མོས་བཟོ་ཚོང་གྲོས་མཐུན་འགོད་པར་བརྩོན་ལེན་བྱེད་པ་དང་། མི་ཆོས་བརྗེ་རེས་རྒྱ་སྐྱེད་དེ་མཉམ་དུ་སང་གྷ་ལ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་མཛའ་འབྲེལ་འཕེལ་རྒྱས་འགྲོ་བར་འབད་པ་བྱ་འདོད་ཅེས་བསྟན།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1