ཀྲང་ཏའེ་ཅང་གིས་སིང་གྷ་ལའི་ཙུང་ལི་ཝའེ་ཁུ་རུམ་མ་སིང་ཧཱ་དང་མཇལ་ཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-08


             སྤྱི་ཟླ་4པའི་ཚེས་7ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲང་ཏའེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་སིང་གྷ་ལིའི་ཙུང་ལི་ཝའེ་ཁུ་རུམ་མ་སིང་ཧཱ་དང་མཇལ་ཕྲད་གནང་། 

             ཀྲང་ཏའེ་ཅང་གིས་ཀྲུང་སིང་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་པ་ནས་བཟུང་ཆབ་སྲིད་ཐད་ཕན་ཚུན་རྒྱབ་སྐྱོར་དང་། དཔལ་འབྱོར་ཐད་གཉིས་ཕན་མཉམ་ལས་བྱས་ཏེ་མི་ཆོས་བརྗེ་རེས་ཉིན་རེ་བཞིན་དམ་ཟབ་ཏུ་གྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་སིང་གྷ་ལིའི་གྲོས་ཚོགས་དང་མཉམ་དུ་མུ་མཐུད་དུ་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྐྱོང་སྲིད་གཉེར་དང་ཁྲིམས་འཛུགས་སོགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱ་རྒྱུ་དང་། དངོས་དོན་མཉམ་ལས་ཀྱི་བཅའ་ཁྲིམས་ཁོར་ཡུག་ལེགས་བཅོས་དང་སྲོལ་རྒྱུན་མཛའ་མཐུན་གྱི་དམངས་སེམས་རྨང་གཞི་སྲ་བརྟན་གཏང་འདོད་ཅེས་བསྟན།

             ཝའེ་ཁུ་རུམ་མ་སིང་ཧཱ་ཡིས་སིང་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ལ་ཧུར་ཐག་གིས་སྐུལ་འདེད་བྱ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1