སྤྱི་ཟླ་9པའི་ཚེས་30ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་66ལོན་པའི་སྐབས་འདིར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་དང་ཀོང་ཞི། ཉིན་ཞ། བོད་ལྗོངས། ཞིན་ཅིང་བཅས་རང་སྐྱོང་ལྗོངས་ལྔའི་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་དཔེ་ལེགས་འཐུས་མི་13རྒྱལ་སྟོན་བྱེད་སྒོའི་སྟེང་དུ་གདན་ཞུ་བྱས།།
འདྲ་པར་འདི་ནི་སྤྱི་ཟླ་9པའི་ཚེས་30ཉིན་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཐུས་མི་དག་ལ་ཐུག་འཕྲད་གནང་བཞིན་པའི་ཚུལ་རེད།