སྤྱི་ཟླ་10པའི་ཚེས་2ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ས་ནས་དེ་གའི་དུས་ཚོད་10དང་སྐར་མ་1སྟེང་། ཨ་རིའི་ཨུག་ལི་ཀང་ཀྲོའུ་ཡི་སློབ་གྲྭ་ཞིག་ཏུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། ས་གནས་དེ་གའི་ཉེན་རྟོག་པའི་གཞུང་ལས་ཁང་ནས་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་ཁྲོད་མ་མཐའ་ཡང་མི་10རྐྱེན་ལམ་དུ་ཤོར་བ་དང་མི་7ལ་རྨས་ཕོག་འདུག ལག་དམར་ཉེན་རྟོག་པས་བསད་ཟིན་པ་རེད།
འབྲེལ་ཡོད་ཉེན་རྟོག་སྡེ་ཁག་གིས་གསར་འགོད་པའི་ཚོགས་འདུའི་སྟེང་། དོན་རྐྱེན་བྱུང་མ་ཐག་ཉེན་རྟོག་པ་མྱུར་དུ་ཡུལ་དངོས་སུ་ཕྱིན་ཏེ་ལག་དམར་དང་འཐབ་པ་ཡིན། ཉེན་རྟོག་པར་རྨས་སྐྱོན་ཅི་ཡང་བྱུང་མི་འདུག མིག་སྔར་ལག་དམར་ཉེན་རྟོག་པས་མི་མདས་བསད་པའམ་ལག་དམངར་རང་གིས་རང་སྲོག་བཅད་པ་གང་ཡིན་གསལ་ཐག་གཅོད་པར་དཀའ་ཞེས་བསྟན། །