རྩྭ་ཐང་གི་བྱིས་པ་རྣམས་ཧྲང་ཧའེ་རུ་ཡུལ་སྐོར་ལ་བསྐྱོད་པ།

ཕག་གྲུ་ཡིས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-11


འདི་ནི་ཧྲང་ཧའེ་གྲོང་ཁྱེར་ཀུའུ་དབྱིས་སློབ་ཆུང་གི་སྨྱུག་གསར་སྤོ་ལོའི་རུ་ཁག་དང་མཛའ་གྲོགས་འགྲན་བསྡུར་བྱེད་བཞིན་པའི་ཚུལ་རེད།

ཉེ་ཆར། མགོ་ལོག་རྩྭ་ཐང་གི་སྤོ་ལོར་དགའ་བའི་ཕྲུ་གུ་མང་པོ་ཞིག་གིས་ཧྲང་ཧེ་རུ“ཕུགས་འདུན་དོན་གཉེར་གྱི་ཡུལ་སྐོར”བྱེད་འགོ་ཚུགས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ནས་ཧྲང་ཧེ་གྲོང་ཁྱེར་བར་སྤྱི་ལེ་2800ཡོད་ཅིང་། སྤྱི་ཟླ་12པའི་ཚེས་3ཉིན་གྱི་ཕྱི་དྲོར་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་མི་རིགས་ལྟེ་གནས་སློབ་ཆུང་གི“གཅིག་སྒྲིལ་བྱ་ཁྲ་སྤོ་ལོའི་རུ་ཁག”གི་ཕྲུ་གུ་ཚོ་ཧྲང་ཧེ་རུ་འབྱོར་ནས་ཁོང་ཚོའི་སྤོ་ལོའི“ཕུགས་འདུན་དོན་གཉེར་གྱི་ཡུལ་སྐོར”བྱེད་འགོ་ཚུགས་པ་རེད། “གཅིག་སྒྲིལ་བྱ་ཁྲ་སྤོ་ལོའི་རུ་ཁག”ནི་སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་14ཡིས་གྲུབ་པ་རེད། ས་ཚིགས་དང་པོར་ཁོང་ཚོ་དང་ཧྲང་ཧའེ་གྲོང་ཁྱེར་ཀུའུ་དབྱིས་སློབ་ཆུང་གི་སྨྱུག་གསར་རུ་ཁག་གིས་ན་སོ་མཉམ་པའི་མིའི་དབར་གྱི་མཛའ་གྲོགས་འགྲན་བསྡུར་སྤེལ། སྤྱི་ཟླ་12པའི་ཚེས་5ཉིན་གྱི་ཕྱི་དྲོར། ཁོང་ཚོས་ཧྲང་ཧའེ་ཅིའུ་ཧྲིའི་སྤོ་ལོ་སྤྲོ་སྐྱིད་ཁང་དུ་CBAཡི་ཆེད་ལས་སྤོ་ལོ་རུ་ཁག་དེའི་དངོས་འཐབ་སྦྱོང་བརྡར་ལ་ལྟ་སྦྱོང་བྱས་པར་མ་ཟད། ཆེད་ལས་སྤོ་ལོ་རྒྱག་མཁན་དང་མཉམ་དུ་སྤོ་ལོའི་རྩལ་ནུས་འགྲན་བསྡུར་བྱས་པ་རེད།  །

འདི་ནི་སྤྱི་ཟླ་12པའི་ཚེས་5ཉིན་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་མི་རིགས་ལྟེ་གནས་སློབ་ཆུང་གི“གཅིག་སྒྲིལ་བྱ་ཁྲ་སྤོ་ལོའི་རུ་ཁག”གི་རུ་མིས་ཧྲང་ཧའེ་ཅིའུ་ཧྲིའི་སྤོ་ལོའི་སྤྲོ་སྐྱིད་ཁང་དུ་CBAལས་རིགས་སྤོ་ལོའི་རུ་ཁག་གི་སྦྱོང་བརྡར་ལ་ལྟ་སྦྱོང་བྱས་རྗེས་ཆེད་ལས་རུ་ཁག་སྔོན་པོའི་རུ་མི་དང་མཉམ་དུ་པར་བརྒྱབ་པའི་ཚུལ་རེད།

འདི་ནི་ཧྲང་ཧེ་ཡི་མཚོ་སྐྱོར་སློབ་རོགས་དགེ་རྒན་ཆིན་ཆིང་ཤོན་གྱིས“གཅིག་སྒྲིལ་བྱ་ཁྲ་སྤོ་ལོའི་རུ་ཁག”གི་རུ་མིའི་སྣེ་ཁྲིད་དེ་CBAལས་རིགས་སྤོ་ལོའི་རུ་ཁག་གི་སྦྱོང་བརྡར་ལ་ལྟ་སྦྱོང་བྱེད་བཞིན་པའི་ཚུལ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1