ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཅིན་ཆུས་ཀྱིས་བཙན་ལྷ་རྫོང་དུ་ལས་མི་བསྡུ་བའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 07-21


    དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་སྤེལ་གཏོང་ཆེད། ཉེ་ཆར། ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཅིན་ཆུས་ཀྱིས་བཙན་ལྷ་རྫོང་དུ་2021ལོའི་རིགས་མཐུན་རོགས་སྐྱོར་གྱི་ལས་མི་བསྡུ་བའི་བྱེད་སྒོ་སྤེལ།
    ལས་མི་བསྡུ་བའི་བྱེད་སྒོ་ལས་ཁྲེང་ཏུའུ་དབྱིན་ལུའུ་བཟའ་བཅའ་དང་།ཧྭ་རུན་དབྱིས་པའོ་བཟའ་བཏུང་སོགས་ཀུང་སི་ལྔ་དང་། དེ་མིན་བཙན་ལྷ་རྫོང་ཆིང་ཏུའོ་བྲོ་ཞིམ་རྒྱ་སེའི་ཐོན་ལས་དང་གློག་རྡུལ་ཁེ་ལས་གཉིས་ཀྱིས་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་ལས་གནས་3000ལྷག་མཁོ་འདོན་བྱས་པ་དང་། ཡུལ་དངོས་སུ་བློ་འདྲིའི་ཞབས་ཞུ་མི་ཐེངས་600ལྷག་མཁོ་འདོན་བྱས་ལ། དྲིལ་སྒྲོག་དཔྱད་ཡིག་1000ལྷག་བཀྲམ་པ་དང་མི་150བསྡུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1