རྡོ་ཡི་རོ་སྒམ་ནང་གི་རོ་སྐམ་དེའི་མིང་ལ་སྨི་ཨར་ཏེ་སི་ཟེར་ཞིང་། ལོ་14ཡིན། ཁོ་ནི་ལོ་ངོ་2500ཡི་སྔོན་དུ་ཤི་སོང་བ་ཞིག་རེད།
སྤྱི་ཟླ་12པའི་ཚེས་8ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ཐོག་གནས་ཚུལ་བཀོད་གསལ་ལྟར་ན། ཉེ་ཆར། ཨ་རིའི་ཆི་ཁ་གྷོ་གྲོང་ཁྱེར་གྱི་ཧྥེར་ཏི་རང་བྱུང་ལོ་རྒྱུས་བཤམས་སྟོན་ཁང་གིས། ལོ་ངོ་2500ཡི་ལོ་རྒྱུས་ལྡན་པའི་ཨེ་ཅིབ་ཀྱི་གནའ་བོའི་རྡོ་ཡི་རོ་སྒམ་ཞིག་གི་ཁ་ཕྱེས་དུས། དེའི་ནང་གི་རོ་སྐམ་གྱི་མདོག་སེར་པོར་གྱུར་ཞིང་རོ་གཅུད་བརྒྱབ་པའི་ཆ་ཤས་འགའ་རེར་རྡུལ་གྱིས་གཡོགས་འདུག དེའི་རལ་ཁུང་དུ་ད་དུང་རོ་སྐམ་གྱི་རྐང་པའང་ཕྱིར་མངོན་འདུག
དུས་ཡུན་རིང་པོ་འགོར་བས། མི་རྣམས་ཀྱིས་རོ་སྐམ་དེའི་ངོ་གདོང་གི་ཕྱི་ཐུམ་དེ་ཕྱིར་ལེན་མི་ཐུབ་པ་འདྲ་སྟེ། དེ་ལྟར་བྱས་ཚེ། རོ་སྐམ་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་འདུག
བཤམས་སྟོན་ཁང་གི་འགོ་གཙོ་པུའུ་ལའང་དང་ཚན་རིག་པ་རྣམས་ཀྱིས་པུར་སྒམ་གྱི་ཁ་ཕྱེས་ཏེ་དྲོད་ཚད་ཚོད་འཛིན་ཐུབ་པའི་ཚོད་ལྟ་ཁང་དུ་སྐྱེལ་བཞིན་པ།
པུར་སྒམ་འདི་ནི་དུས་རབས་20པའི་ལོ་རབས་20བར་ཕྱིར་བཏོན་རྗེས་ཧྥེར་ཏི་རང་བྱུང་ལོ་རྒྱུས་དངོས་མང་བཤམ་སྟོན་ཁང་དུ་བདག་གཉེར་བྱས་ཤིང་། འདིར་ད་རུང་ཨེ་ཅིབ་ནས་འཁྱེར་ཡོང་བའི་མིའི་རིགས་ཀྱི་རོ་སྐམ་30བདག་གཉེར་བྱས་ཡོད།