ཐང་ཧྲན་གྲོང་ཁྱེར་ལུའུ་པེ་ཁུལ་ཞང་ཡོན་སློབ་ཆུང་གི་དགེ་སློབ་གཉིས་ཀྱིས་མཉམ་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་དབུལ་ཕོངས་ས་ཆའི་སློབ་མ་ཚོར་རོགས་སྐྱོར་ཞལ་འདེབས་བསྡུ་རུབ་བྱ་བའི་བྱེད་སྒོ་སྤེལ་བཞིན་པ།
སྤྱི་ཟླ་12པའི་ཚེས་5ཉིན། ཐང་ཧྲན་གྲོང་ཁྱེར་ལུའུ་པེ་ཁུལ་ཞང་ཡོན་སློབ་ཆུང་གི་དགེ་སློབ་གཉིས་ཀྱིས་མཉམ་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་དབུལ་ཕོངས་ས་ཆའི་སློབ་མ་ཚོར་རོགས་སྐྱོར་ཞལ་འདེབས་བསྡུ་རུབ་བྱ་བའི་བྱེད་སྒོ་སྤེལ།
སི་ཁྲོན་དཀར་མཛེས་ཁུལ་དུ་དབུལ་ཕོངས་སློབ་མ་མང་པོ་ཡོད་ལ། ཁོ་ཚོར་དགུན་ལྭ་དྲོན་པོ་ཞིག་ཀྱང་མེད་པའི་གནས་ཚུལ་གོ་རྗེས། ཞང་ཡོན་སློབ་ཆུང་གི་དགེ་སློབ་ཚང་མས་མྱུར་དུ་རང་རང་གི་ཁྱིམ་དུ་བེད་སྤྱོད་མི་བྱེད་པར་བཞག་ཡོད་པའི་དགུན་ལྭ་དག་བསྡུ་རུབ་བྱས་ཤིང་། ཕྱོགས་གཅིག་ཏུ་སྤུངས་ནས། ཐང་ཧྲན་སྤྱི་ཕན་རྩ་འཛུགས་ཀྱི་ཚོགས་མི་རྣམས་ཀྱི་རོགས་སྐྱོར་འོག་སི་ཁྲོན་དཀར་མཛེས་སུ་བསྐུར་ཡོད།
ཐེངས་འདིའི་བྱེད་སྒོའི་ཁྲོད་དུ། སློབ་གྲྭའི་དགེ་སློབ་200ལྷག་གིས་ཁྱོན་བསྡོམས་དགུན་ལྭ་730དང་། སློབ་ཕྱིའི་ལྟ་ཀློག་གི་དེབ་100ལྷག དེ་མིན་ཡིག་ཆས་260ལྷག་བཅས་ཞལ་འདེབས་སུ་ཕུལ་ཡོད། ཡང་སློབ་མ་འགའ་རེས་རང་གིས་ཞལ་འདེབས་སུ་ཕུལ་བའི་དཔེ་དེབ་ཀྱི་བར་དུ། རང་ཉིད་ཀྱིས་བཟོས་པའི་དཔེ་རྟགས་དང་སྨོན་འདུན་གྱི་སྐད་ཆ་འགའ་རེ་ཡང་བྲིས་ཡོད།