ཏེ་ཨར་ཐ་ཞེས་པའི་མེ་ཤུགས་འཕུར་མདའ་དེ་ཨ་རིའི་ཧྥོ་ལོ་རི་ཌ་མངའ་སྡེའི་ཁེ་ནེ་ཏའི་དབྱངས་བསྐྱོད་ལྟེ་གནས་ནས་ནམ་མཁར་འཕགས་བཞིན་པའི་ཚུལ།
སྤྱི་ཟླ་12པའི་ཚེས་5ཉིན། ཨ་མེ་རི་ཁའི་རྔོན་པའི་སྐར་ཁྱིམ་ཞེས་པའི་མི་སྡོད་འཕུར་གྲུ་མནའ་འབྲེལ་སྤྱི་གཉེར་ཁང་གི་ཏེ་ཨར་ཐ་ཞེས་པའི་མེ་ཤུགས་འཕུར་མདའ་དེ་ཨ་རིའི་ཧྥོ་ལོ་རི་ཌ་མངའ་སྡེའི་ཁེ་ནེ་ཏའི་དབྱངས་བསྐྱོད་ལྟེ་གནས་ནས་ནམ་མཁར་འཕགས་ཤིང་། དེ་ནི་ཨ་རིའི་རྔོན་པའི་སྐར་ཁྱིམ་ཞེས་པའི་མི་སྡོད་འཕུར་གྲུ་རབས་གསར་པ་དེ་ཚེས་5ཉིན་ནམ་མཁར་འཕུར་བ་ཡིན་ལ། དུས་ཚོད་4དང་ཕྱེད་ཙམ་གྱི་རིང་གི་མི་བསྡད་མེད་པའི་ཚོད་ལྟའི་འཕུར་སྐྱོད་བྱེད་བཞིན་པ་རེད། རྔོན་པའི་སྐར་ཁྱིམ་ཞེས་པའི་འཕུར་གྲུ་འདི་ནི་ཨ་རའི་དབྱིངས་བསྐྱོད་གནམ་གྲུའི་རྗེས་ནས་བྱུང་བའི་རབས་གསར་པའི་མི་སྡོད་དབྱིངས་བསྐྱོད་ཀྱི་འཕུར་གྲུ་ཞིག་ཡིན་ལ། ཉིན་ཞིག་མིའི་རིགས་སྐར་མ་མིག་དམར་གྱི་ཕྱོགས་སུ་བསྐྱོད་རྒྱུ་མངོན་འགྱུར་བྱ་རྒྱུ་རེད། །