འཛིན་བྱང་ཉོ་བཞིན་པའི་འགྲུལ་བཞུད་པ་ཚོ།
སྤྱི་ཟླ་12པའི་ཚེས་7ཉིན་ནས་བཟུང་། འགྲུལ་བཞུད་པ་ཚོས་དྲ་རྒྱ་དང་ཁ་པར་ཐོག་ནས་ཉིན་60ཡི་སྔོན་ནས་2015ལོའི་དཔྱིད་དུས་སྐྱེལ་འདྲེན་གྱི་ཉིན་དང་པོ་སྟེ། སྤྱི་ཟླ་2པའི་ཚེས་4ཉིན་གྱི་མེ་འཁོར་འཛིན་ཡིག་ཉོ་ཆོག་པ་རེད། མེ་འཁོར་འབབ་ཚུགས་ཀྱི་འཛིན་ཡིག་བཙོང་སའི་སྒེའུ་ཁང་དང་འཛིན་ཡིག་ཚབ་བཙོང་བྱེད་ས་དག་ནས་ཉིན་58ཀྱི་མེ་འཁོར་འཛིན་ཡིག་སྔོན་ཉོ་བྱས་ཆོག་གི་འདུག ཤེས་རྟོགས་བྱུང་བ་ལྟར་ན། 2015ལོའི་རྒྱལ་ཡོངས་ལྕགས་ལམ་གྱི་དཔྱིད་དུས་སྐྱེལ་འདྲེན་གྱི་དུས་ཚོད་ནི་2015ལོའི་ཟླ་2པའི་ཚེས་4ཉིན་ནས་ཟླ་3པའི་ཚེས་15ཉིན་བར་ཡིན་པ་དང་། ཁྱོན་བསྡོམས་ཉིན་40ཡོད་པ་རེད།།